| e-texts navigator |
| Wylie |
139b1 བལྟ་བ་འམ། རྣམ་པར་ཤེས་པ་དང་། ཆགས་པར་བྱ་བའམ། བསྟན་པར་འམ། རླུད་གསན་པར་བྱ་བའམ། རབ་ཏུ་བཞག་པར་བྱ་མི་ནུས་སོ།། དེ་ནས་དེའི་ཚེ་བཅོམ
139b2 ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུང་སོ།། སེམས་ཀྱིས་སངས་རྒྱས་བྱེད་པ་སྟེ། སེམས་ཉིད་ངའི་སངས་རྒྱས་ཏེ།། སེམས་ཉིད་དེ་བཞིན་གཤེགས་པའོ།། །
139b3 སེམས་ཉིད་ངའི་སུས་ཡིན་ཏེ།། སངས་རྒྱས་སེམས་ཀྱིས་མཐོང་བའོ།། སེམས་ཉིད་རང་བཞིན་མེད་པའོ།། སེམས་ཀྱིས་སེམས་ནི་མི་ཤེས་ཤིང་།། སེམས་ཀྱིས་སེམས་ནི།
139b4 མི་མཐོང་ངོ་།། སེམས་སུ་འདུ་ཤེས་འདུ་མི་ཤེས།། སེམས་སུ་མི་ཤེས་མྱ་ངན་འདས།། ཆོས་འདི་དག་ནི་སྙིང་པོ་མེད།། རློམ་སེམས་ལས་ནི་ཀུན་འབྱུང་སྟེ།། སྟོང་པ་ཉིད
139b5 ལ་གང་རློམ་སེམས་པའི།། རློམ་སེམས་དེ་འདིར་སྟོང་པ་ཡིན།། བཟང་སྐྱོང་བཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་ཡེ་ཤེས་ནི་དེ་ལྟ་བུ་ཡིན་ནོ།། བཟང།
139b6 སྐྱོང་བཞི་དང་ལྡན་ན། ས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་བཞུགས་པའི་ཏིང་ངེ་འཛིན་ཐོབ་པོ།། བཞི་གང་ཞེ་ན། འདི་ལྟ་སྟེ།
139b7 མ་ཕྲོག་པའི་བརྩོན་འགྲུས་དང་། གཞན་གྱིས་དྲིང་མི་འཇོག་པའི་ཤེས་རབ་དང་། དགེ་བའི་གཤེས་གཉེན་ལ་གཉེན་བཀུར་བྱེད་པ་སྟེ། བཟང་སྐྱོང་ཆོས་དེ་བཞི་དང་ལྡན་ན།
139b8 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱིས་སངས་རྒྱས་མངོན་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཐོབ་པོ།། བཟང་སྐྱོང་གཞན་ཡང་ཆོས