| e-texts navigator |
| Wylie |
139a1 འང་མ་མཆིས། གང་ནས་ཀྱང་སྐྱེས། གང་དུ་ཡང་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ཁྱོད་ཡང་ལེགས་སོ་ལགས
139a2 སོ།། བཟང་སྐྱོང་ཁྱོད་ཡང་ལེགས་སོ།། བཟང་སྐྱོང་ཇི་སྐད་སྨྲས་པ་དེ་ལྟར་དེ་བཞིན་ཏེ། བཟུགས་ཡོངས་སུ་དག་པ་ལས་གཟུག་བསྙེན་རྣམས་སྣང་བར་འགྱུར་རོ།།
139a3 དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་ཏིང་ངེ་འཛིན་འདི་ཤིན་དུ་སྒོམས་པས་ཚོགས་ཆུང་དུས་དེ་བཞིན་གཤེགས་པ་ངེས་རྣམས་བྱང་ཆུབ་སེམས་དཔའ་མཐོང་ངོ་།། མཐོང་།
139a4 ནས་ཀྱང་ཞུ་བ་ཞུས་པ་ལས་ལུང་བསྟན་པས་སེམས་རངས་པར་འགྱུར་རོ།། དེ་འདི་སྙམ་དུ་དེ་བཞིན་གཤེགས་པ་འདི་གང་ནས་གཤེགས་ཤེ་འམ། བདག་གང་དུ་སོང་སྙམ
139a5 པ་ལས། དེས་དེ་བཞིན་གཤེགས་པ་དེ་གང་ནས་ཀྱང་མ་བྱོན་པར་རབ་ཏུ་ཤེས་སོ།། བདག་གིས་ལུས་འདི་གང་དུ་ཡང་མ་སོང་བར་ཤེས་སོ།། དེ་འདི་སྙམ་དུ་ཁམས་སུ་འདི་དག
139a6 ནི་སེམས་ཙམ་མོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ཇི་ལྟ་ཇི་ལྟར་རྣམ་པར་རྟོག་པ་དེ་ལྟར་སྣང་ངོ་།། སེམས་དེ་ཡང་ནང་ན་མེད་དོ།། ཕྱི་རོལ་ནའང་མེད་དོ།། གཉིས་ག་མེད
139a7 པར་མི་དམིགས་སོ།། གཞན་དུ་ན་དམིགས་པ་ལ་རྟེན་ནས་སྐྱེའོ།། གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་དངོས་པོ་མེད་པ་འམ། གང་དངོས་པོ་མེད་པ་དེ་ནི་མ་སྐྱེས་པའོ།།
139a8 གང་ལ་མ་སྐྱེས་པ་དེ་ནི་དམིགས་སུ་མེད་པའོ།། གང་དདམིགས་སུ་མེད་པ་ནི་རང་བཞིན་སྟོང་པའོ།། གང་རང་བཞིན་སྟོང་པ་ནི་བདག་སུ་མེད་པའོ།། གང་བདག་སུ་མེད་པ་དེ་ན།