| e-texts navigator |
| Wylie |
138b1 སེམས་དཔའ་ནི་སངས་རྒྱས་ཀྱིས་མ་དང་རང་གིས་སྟོབས་བསྐྱེད་པ་དང་། ཏིང་ངེ་འཛིན་ཐོབ་པའི་ཕྱིར་དང་། འདི་དག་གསུམ་ཚོགས་ཤིང་འདུས་པས་དེ་བཞིན་གཤེགས་པ
138b2 རྣམས་མཐོང་ཞིང་སྣང་བར་འགྱུར་རོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། བུད་མེད་དམ་སྐྱེས་པ་གང་ལ་ལ་མགོ་བོ་འཁྲུ་ཞིང་རྒྱན་འདོག་པའི་རང་བཞིན་ཅན་ཞིག་ཡོད་ལ། དེ་འབྲུ
138b3 མར་དང་བའི་སྣོད་དམ་ཆུ་དང་བའི་སྣོད་དམ་ཆུ་དང་། ཡོངས་སུ་ཕྱིས་པའི་མེ་ལོང་གིས་དཀྱིལ་འཁོར་རམ། མཐིང་བུད་སྨྲས་པའི་ས་ཕྱོགས་ལ་བདག་ཉིད་བལྟ་བསམས་ནས
138b4 དེས་དེར་བདག་ཉིད་ཀྱིས་གཟུང་མཐོང་ནས། བཟང་སྐྱོང་དེ་ཇི་སྙམས་དུ་སེམས། འབྲུ་མར་དང་བའི་སྣོད་དམ། ནུ་དང་བའི་སྣོད་དམ་ཡོངས་སུ་ཕྱིས་པའི་མེ་ལོང་ཀྱིས་དཀྱིལ
138b5 འཁོར་རམ། མཐིང་པུ་བསྐུས་པའི་ས་ཕྱོགས་དེ་ལ་གང་སྐྱེས་པ་འམ། བུད་མེད་ཀྱིས་གཟུགས་སྣང་བ་དེ་སྐྱེས་པ་འམ། བུད་མེད་གང་དེའི་ནང་དུ་སོང་བ་འམ། དེའི་ནང་དུ་ཞུགས
138b6 པ་ཡོད་དམ། བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་མོད་ཀྱིས། བཙུན་པ་བཅོམ་ལྡན་འདས་འབྲུ་མར་དང་ཆབ་དེ་དངས་ཤིང་སྩོག་པ་མ་མཆིས།
138b7 པ་འམ། བཟང་སྐྱོང་མེ་ལོང་གིས་དཀྱིལ་འཁོར་དེ་ལེགས་པར་ཡོངས་སུ་ཕྱིས་པ་འམ། མཐིང་བུས་སྨྲས་པའི་ས་ཆེན་པོ་དེ་དག་པའི་སླད་དུ་འབྲུ་མར་གྱི་གཟུགས་གསྟེན
138b8 མདུན་མཆིས་ཏེ། ཆ་བ་དང་འབྲུ་མར་དང་མེ་ལོང་དང་། ས་ཆེན་པོ་དེས་ལས་སྐྱེས་པ་འམ། བུད་མེད་ཀྱི་ལུས་དེ་འབྱུང་བའང་མ་ལགས་གང་ནས་ཀྱང་མ་མཆིས། ས་གང་དུ