| e-texts navigator |
| Wylie |
138a1 དུརྱ་གསར་མའི་སྐུ་གཟུགས་མཐོང་བར་འགྱུར་རོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། དགེ་སློང་མི་སྡུག་པ་སྒོམ
138a2 པ་ཞིག་གིས་འདུན་དུ་གཟུགས་རྣམས་མཐོང་སྟེ། རྣམ་པར་སྔོས་པ་དང་། རྣམ་པར་རུལ་བ་དང་། རྣམ་པར་དམར་བ་དང་། རྣམ་པར་ཟས་པ་དང་།
138a3 ཤ་རྣམ་པགས་པའམ། ཤ་དང་ཁྲག་མེད་པའམ། དཀར་པོ་འམ། དུང་དང་འདྲ་བ་འམ། ཀེང་རུས་ཞིག་འདུན་དུ་མཐོང་སྟེ། རྣམ་པར་བསྔོས་ནས་ཀེང་རུས་ཀྱིས་བར
138a4 དུ་དེ་དག་གང་ནས་ཀྱང་མ་འོངས་གང་དུ་ཡང་མ་སོང་ངོ་།། དེ་དག་སུས་ཀྱང་མ་བྱས་མཾ་སུས་ཀྱང་མ་འགགས་ཏེ། བཟང་སྐྱོང་འོན་ཀྱང་དགེ་སློང་དེའི་སེམས་རྩེ་གཅིག་པའི་དབང
138a5 གིས་མདུན་ཀེང་རུས་འདུག་པ་མཐོང་ངོ་།། བཟང་སྐྱོང་དེ་བཞིན་དུ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཇི་ལ་གནས་པ་རྣམས། ཕྱོགས་གང
138a6 དང་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པའི་ཕྱོགས་དེ་དག་དེ་ལོགས་སུ་སངས་རྒྱས་མཐོང་བ་ཐོབ་པར་བྱ་བའི་ཕྱིར་ཡིད་ལ་བྱེད
138a7 དོ།། ཕྱོགས་དེ་དང་དེ་ལོགས་སུ་ཡིད་ལ་བྱས་པས། དེས་ཕྱོགས་དེ་དང་དེ་ལོགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་།
138a8 ངོ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ། སངས་རྒྱས་མཐོང་བ་ཐོབ་པར་འགྱུར་བ་འདི་ནི་ཏིང་ངེ་འཛིན་འདིའི་རྒྱུ་མཐུན་པ་ཡིན་ནོ།། ཏིང་ངེ་འཛིན་འདི་ལ་གན་པའི་བྱང་ཆུབ