| e-texts navigator |
| Wylie |
137b1 པའི་སངས་རྒྱས་དེ་ལྟ་བུ་མཐོང་བར་འགྱུར་རོ།། བཟང་སྐྱོང་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་རང་སྐྱེ་བའི་ཡུལ་ལྗོངས་ཀྱི། ཕྱོགས་གཞན་ཞིག་ཏུ།
137b2 སོང་སྟེ་ཕྱིན་པ་དང་། རང་སྐྱེས་པའི་ཡུལ་དེ་རྗེས་སུ་དྲན་ནས་དེ་ཇི་ལྟར་མཐོང་བ་དང་། ཤེས་པ་དང་རྟོགས་པའི་ཆོས་རྣམས་ཡིད་ལ་བྱེད་པ་ལས།
137b3 རྨུགས་པ་དང་གཉིད་ཀྱི་ནོན་ཏོ། དེ་ཉལ་བ་དང་། རྨི་ལམ་ན། རང་སྐྱེས་པའི་ཡུལ་དུ་སོང་ནས། དེ་ན་བདག་ཉིད་འདུག་པ་ཤེས་ཤིང་ལྟར་ཐོང་བ་དང་།
137b4 ཐོས་པ་དང་། རྟོགས་པ་དང་རྣམ་པར་ཤེས་པ་དེ་དག་ཀྱང་མཐོང་ངོ་།། དེ་འགྲོ་ཞིང་ལྡོག་པ་དག་ཀྱང་བྱེད་དོ།། དེ་སད་པ་དང་། ནང་གིས་སྐྱེ་བོ་དང་།
137b5 གྲོགས་པོ་དང་གཉེན་དང་སྣག་གིས་གཉེན་ཚམས་ཀྱིས་ནང་དུ་ནི་འདི་ལྟར་སོང་ངོ་།། ངས་ནི་འདི་དག་ཀྱང་མཐོང་ངོ་།། དེར་ངས་ནི་འདི་དག་མྱོང་ཞེས་དོན
137b6 དེ་དག་ཀྱང་བརྗོད་དོ།། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམས་པ་འམ། རབ་ཏུ་བྱུང་བ་ཡང་རུང་། ཕྱོགས་གང
137b7 དང་གང་ན་དེ་བཞིན་གཤེགས་པ་བཞུགས་པར་ཐོས་པའི་ཕྱོགས་དེ་དང་དེ་ལོགས་སུ་དྲན་པ་དང་ལྡན་ཞིང་སེམས་གཡེངས་པ་མེད་པས་སངས་རྒྱས
137b8 མཐོང་བ་དང་། ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་ཡིད་ལ་བྱའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་འམ། བཻ