e-texts navigator
Collection
Volume
Page
Wylie

137a1 སྐྱེས་བུ་གཅིག་དགོན་པའི་མྱ་ངན་ཞིག་ཏུ་སོང་བ་དང་། དེ་བཀྲེས་པ་དང་སྐོམས་ནས་རྨུགས་པ་དང་གཉིད་ཀྱིས
137a2 ནོན་ཏེ། དེ་ལ་ལ་བ་དང་རྨི་ལམ་ན་གཟའ་བ་དང་བཏུང་བ་མང་པོ་ཞག་བསྙེད་དོ།། རྙེད་ནས་ཀྱང་ཇི་ཙམ་གྱིས་ཆགས་པར་ཟོས་ཏེ། བཀྲེས་པ་དང་སྐོམ་པ
137a3 དེ་དག་ཀྱང་མེད་པར་གྱུར་ཏོ།། དེ་སད་པ་དང་ཡང་ལུས་དང་ལོ་མ་རྒྱས་པར་གྱུར་ནས། ང་འདི་སྙམ་དུ་འདི་ལྟ་སྟེ། རྨི་ལམ་འདྲ་བ་འདི་ལྟ་བུའི་ཆོས་ཞིག
137a4 ཡོད་སྙམ་སྟེ། དེ་དེ་ལྟར་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཕྱིར་མི་ལྡོག
137a5 པར་འགྱུར་རོ།། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཁྱིམ་པ་འམ། རབ་ཏུ་བྱུང་བ་ཡང་རུང་། ཕྱོགས་གང་དང་གང་ན་དེ་བཞིན་གཤེགས
137a6 པ་བཞུགས་པའི་ཕྱོགས་དེ་དང་དེ་བཞིན་གཤེགས་པ་དེ་ཡིད་ལ་བྱས་ན་དེ་སངས་རྒྱས་མཐོང་བ་ཐོབ་བོ།། དེ་དངོས་པོའི་འདུ་ཤེས་སུ་མི་བྱ་སྟེ། དེ
137a7 ནམ་མེ་ཁིའི་དུ་ཤེས་ལ་ཤིན་ཏུ་གནས་ཤིང་སངས་རྒྱས་ཀྱིས་འདུ་ཤེས་ཤིན་དུ་ཡིད་ལ་བྱས་པས། དེ་བཞིན་གཤེགས་པ་བཻ་དཱུརྱའི་སྐུ་གཟུགས་ལྟ་བུ་བཟ
137a8 པོ་བྱང་ཆུབ་སེམས་དཔའ་དེས་མངོན་སུམ་དུ་ཐོང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས




iiif viewer powered by OpenSeadragon

136b - 137b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo