| e-texts navigator |
| Wylie |
136b1 གཟན་ཏོ།། གཟུགས་ཆུང་མ་གཟོན་ཏོ།། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ཆུད་མི་བསན་ཏོ།། དེ་དེ་བཞིན་གཤེགས་པ་རློམ་སེམས་སུ།
136b2 མི་བྱེད། མི་དམིགས་མངོན་པར་མི་ཆགས། ཡང་དག་པར་མི་རྟོག། ཡང་དག་པར་རྗེས་སུ་མི་མཐོང་སྟེ། གང་དེ་ལྟར་དེ་བཞིན་གཤེགས་པ་མི་དམིགས་པ།
136b3 ཡིད་ལ་བྱེད་པས། སྟོང་པ་ཉིད་ཀྱིས་གཏིང་ངེ་འཛིན་ཐོབ་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་བསྒོམས་ཤིང་ཏིང་ངེ་འཛིན་དེ་ལ་སྙོམ
136b4 པར་བཞག་ནས། གཏིང་ངེ་འཛིན་དེ་ལས་ལང་སྟེ། བཟང་སྐྱོང་ཁྱོད་གང་ན་བ་དེར་སོང་ནས། ཕྱིན་པ་དང་ཏིང་ངེ་འཛིན་འདི་བརྗོད་དོ།། བཟང་སྐྱོང་དེ་ལ་ཁྱོད
136b5 ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ།། དེ་ལ་ངས་ཀྱང
136b6 སྐྱེས་བུ་དེ་ནི་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་རྙེད་པ་ཞེས་བྱ་བར་འགྱུར་རོ།། ཞེས་ལུང
136b7 སྟོན་ཏོ།། བཟང་སྐྱོང་ཁྱོད་ཉིད་དང་གནས་རྟེན་འོད་བསྲུངས་ཆེན་པོ་དང་བྱང་ཆུབ་སེམས་དཔའ་དབང་པོ་བྱིན་དང་། བྱང་ཆུབ་སེམས་དཔའ་མཚན་བཟང་དང་།
136b8 གཞན་ཡང་བྱང་ཆུབ་སེམས་དཔའ་གང་དག་གིས་ཏིང་ངེ་འཛིན་འདི་ཐོབ། ཏིང་ངེ་འཛིན་འདི་ལ་དབང་དུ་གྱུར་པ་ཡིན་ཏེ། བཟང་སྐྱོང་འདས་པའི་དུས་ན་འབྱུང་བ།