| e-texts navigator |
| Wylie |
136a1 པ་ལ་ཞུའོ།། དེ་སྐད་ཞུས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་དེས། བྱང་ཆུབ་སེམས་དཔའ་དེ་ལ་འདི།
136a2 སྐད་ཅེས་བཀའ་སྩལ་པ་ཏོ།། རིགས་ཀྱི་བུ་སངས་རྒྱས་རྗེས་སུ་དྲན་པ། ཀུན་ཏུ་བསྟན་ངེས་པས་བསྟན་ཅིང་བསྒོམས་ལ་མང་དུ་བྱས་ན་འཇིག་རྟེན་གྱིས་ཁམས་འདིར
136a3 སྐྱེ་བར་བྱེད་དོ།། སངས་རྒྱས་རྗེས་སུ་དྲན་པ་ཀུན་དུ་བསྟན་ཅིང་སྒོམ་ལ་མང་དུ་བྱས་ན་སངས་རྒྱས་ཀྱིས་ཞིང་འདིར་སྐྱེ་བར་འགྱུར་རོ།། རིགས་ཀྱིས་བུ་དེ་ལ
136a4 སངས་རྒྱས་རྗེས་སུ་དྲན་པ་དེ་གང་ཞེ་ན། འདི་ལྟ་སྟེ། གང་ན་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་དེ། འདི་ལྟར་འདི་ནི་དེ་བཞིན་གཤེགས་པ་དགྲ་བཙོ།
136a5 པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ
136a6 ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོ་མཚན་སུམ་བཅུ་རྩ་གཉིས་དང་། གསེར་གྱིས་གཟུགས
136a7 འཚེར་ཞིང་གསལ་ལ་ལེགས་པར་གནས་པ་འདྲ་བ། རིན་མོན་ཆེ་དཀོད་པ་ལྟར་ཤིན་དུ་རྒྱན་པ། ཉན་ཐོས་ཀྱིས་དགེ་འདུན་གྱི་ནང་ན་ཆོས་ཀྱང་སྟོན་ཏོ།། ཅི་ནས་ཀྱང་།
136a8 ནུས་མི་ཟ་བ་དེ་ལྟར་སྟོན་ཏོ།། ཅི་ཞིག་ཆུད་མི་ཟ་ཞེ་ན་ཆུད་མི་གཟད་ཏོ།། ཆུ་དང་མེད་དང་རླུང་དང་། འབྱུང་པོ་དང་། བྲམ་ཟེ་དང་། སྐྱེ་དགུའི་བདག་པོ་ནུས་མི