e-texts navigator
Collection
Volume
Page
Wylie

135b1 སྟོན་ཏོ།། ངས་ཀྱང་སྐྱེ་བོ་དེ་དག་མ་འོངས་པ་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་དུ་སད་པ་ཞེས་བྱ་བ་རྣམས་སུ
135b2 འགྱུར་རོ་ཞེས་ལུང་བསྟོན་ཏོ།། སྐྱེས་བུ་དེ་དག་བཟོད་པ་རྙེད་ཀྱང་ང་དུང་སྔོན་གྱི་མཚན་མ་དེས་ཀྱང་སྐྱེ་བོ་དེ་དག་མ་འོངས་པ་དུ་ན་དེ་བཞིན་གཤེགས་དེ་དག་མཐོང་ཞིང
135b3 རྗེས་སུ་དྲན་ནོ།། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ལྟར་གྱིས་སངས་རྒྱས་མངོན་དུ་བཞུགས་པའི་བཏིང་ངེ་འཛིན་འདི་དང་ལྡན་པ་དེ་ནི་འཇིག་རྟེན་གྱིས
135b4 ཁམས་འདི་ཉིད་ན་འདུག་བཞིན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་དེ་ཐོས་སོ།། དེ་བཞིན
135b5 གཤེགས་པ་དེའི་མཚན་དང་གཟུགས་དང་ཡོན་ཏན་ཙམ་ཞིག་ཐོས་ནས་སེམས་མི་གཡེངས་པར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
135b6 རྗེས་སུ་དྲན་པར་བྱེད་དོ།། དེ་ཕྱིར་ཞིང་ཡིད་ལ་བྱེད་པས་དེ་བཞིན་གཤེགས་པ་དེ་མཐོང་ངོ་།། ད་ལྟར་གྱིས་སངས་རྒྱས་མངོན་དུ་བཞུགས་པ་ཞེས། བྱང་ཆུབ
135b7 སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཏེ། དེས་བཞིན་གཤེགས་པ་དེ་མཐོང་ནས། བཅོམ་ལྡན་འདས་ཚོགས་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ
135b8 ཆེན་པོ་འཇིག་རྟེན་གྱིས་ཁམས་འདིར་སྐྱེས་པར་འགྱུར་ཞེས་ཞུ་བ་ཞུའོ།། དེ་བཞིན་དུ་སངས་རྒྱས་ཀྱིས་ཞིང་གང་དུ་སྐྱེ་བར་འདོད་པ། དེའི་ཚེ་དེ་བཞིན་གཤེས




iiif viewer powered by OpenSeadragon

135a - 136a

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo