e-texts navigator
Collection
Volume
Page
Wylie

135a1 སྐྱེས་བུ་གཉིས་པས་ནི་རྨད་ཚོང་མ་ཨ་འདྲ་སྐྱོང་ཞེས་བྱ་བ་ཞིག་ཡོད་པར་ཐོས་སོ།། སྐྱེས་བུ་གསུམ་པས་ནི་སྔོན་གྱིས་རྨད
135a2 ཚོང་མ་མེ་ཏོག་ཨུད་དཔལའི་མདོག་ཅེས་བྱ་བར་ཐོས་སོ།། དེ་རྣམས་ཀྱིས་ཐོས་ནས། སོ་སོར་རེ་རེ་ལ་སེམས་ཆགས་པར་འགྱུར་མོད་ཀྱི། སྐྱེས་བུ་དེ་རྣམས་ཀྱིས་བུ་དེ
135a3 རྣམས་ཀྱིས་སྨན་ཚེང་མ་དེ་རྣམས་མཐོང་བ་མ་ཡིན་ཏེ། མིང་གཟུགས་དང་ཁ་དོག་ཙམ་ཞིག་ཟོས་པས། འདོད་ཆགས་ཀྱིས་སེམས་སྐྱེས་པར་གྱུར་ཏོ།། དེ་དག་ཕྱིར
135a4 ཞིང་ཡིད་ལ་བྱེད་བཞིན་དུ་ཉལ་བ་དང་། རྨི་ལམ་དུའང་རྨད་ཚོང་མ་དེ་དག་གིས་དྲུང་དུ་བདག་ཅག་དོང་བ་སྐམས་དུ་ཤེས་སྟེ། ཇི་ལྟར་སྐྱེས་བུ་མེད་དག་རྒྱལ་པོའི་ཁབ་ཀྱི།
135a5 གྲོང་ཁྱེར་ཆེན་པོ་ན་འཁོད་ཅིང་སྔོན་མ་ཉལ་བར། དེ་ལྟ་དེ་ལྟར་འདོད་ཆགས་དང་ལྡན་པའི་སེམས་བསྐྱེད་པ་དེ་བཞིན་དུ་དེ་དག་ཉལ་ནས་ཀྱང་། རྨི་ལམ་ན་རྨད་ཚོང་མ་དེ
135a6 དག་མཐོང་ཞིང་ཕན་ཚུན་སྤྲད་ཏེ། འཁྲིག་པའི་ཆོས་ལ་བསྟན་ནས། འཁྲིག་པ་ལ་དད་པ་དེ་དང་ཡང་མ་བྲལ་བར་གྱུར་པར་རྨིས་སོ།། དེ་དག་སད་ནས་ཇི་ལྟར་མཐོང
135a7 བ་དང་ཐོས་པ་དང་། ཤེས་པ་དང་རྟོག་པའི་རྨི་ལམ་མྱོང་བ་རྗེས་སུ་དྲན་ནས། བཟང་སྐྱོང་ཁྱོད་གང་ན་བ་དེར་དོང་སྟེ་ཕྱིན་ནས་ཁྱོད་ལ་དོན་དེ་དག་བརྗོད་དོ།། ཁྱོད་ཀྱིས
135a8 དོན་དེ་དག་ཐོས་ནས་ལུང་འདི་ཉིད་ཀྱིས་ཅི་ནས་ལུང་འདི་ཉིད་ཀྱིས་ཅི་ནས་ཀྱང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་དག་ཆོས




iiif viewer powered by OpenSeadragon

134b - 135b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo