| e-texts navigator |
| Wylie |
134b1 ཡིན། ལྷའི་རྣ་བས་ཁམས་ཐོབ་པས། དམ་པའི་ཆོས་ཉམ་པ་ཡང་མ་ཡིན། དེ་ལ་རྫུ་འཕྲུལ་སྟོབས་ཐོབ་པས་འཇིག་རྟེན་གྱིས་ཁམས་སྐད་ཅིག་ཏུ་འགྲོ་བ་ཡཱ།
134b2 མ་ཡིན་གྱིས། བཟང་སྐྱོང་བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱིས་ཁམས་འདི་ཉིད་ན་གནས་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དེ།
134b3 མཐོང་ཞིང་བདག་ཉིད་འཇིག་རྟེན་གྱིས་ཁམས་དེ་ན་འདུག་པ་སྙམ་དུ་ཡང་ཤེས་ལ། ཆོས་ཀྱང་ཉན་ཏོ།། འཆད་པ་ཐོས་ནས་ཀྱང་ཆོས་དེ་དག་ཀུན་འཛིན་ཏོ།། ཀུན
134b4 ཆུབ་པར་བྱེད་དོ།། འཛིན་པར་བྱེད་དོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ལྡན་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད
134b5 པ་དེ་ལ། བཀུར་ཏི་བྱེད་དོ།། བླ་མར་བྱེད་བྱེད་དོ།། རི་མོར་བྱེད་དོ།། མཆོད་པར་བྱེད་དོ།། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལས་ལངས་ཀྱང་འདི་སྐད་ཐོས་པ
134b6 དང་། ཇི་ལྟར་བཟུང་བ་དང་། ཇི་ལྟར་ཀུན་ཆུབ་པར་བྱ་བའི་ཆོས་དེ་དག་གཞན་དག་ཡང་བརྒྱ་ཆེར་ཡང་དག་པར་འཆད་དོ།། ད་ལྟར་གྱིས་སངས་རྒྱས་མངོན་དུ
134b7 བཞག་པའི་ཏིང་ངེ་འཛིན།། བམ་པོ་གཉིས་པའོ།། །། བཟང་སྐྱོང་འདི་ལྟ་སྟེ། དཔེར།
134b8 སྐྱེས་བུ་ཞིག་རྒྱལ་པོའི་ཁྱབ་ཀྱི་གྲོང་ཁྱེར་ཆེན་པོ་ན་འདུག་པ་ལས། ཡངས་པ་ཅན་གྱིས་གྲོང་ཁྱེར་ན་སླད་ཚོང་མ་ཡི་བཟང་ཞེས་བྱ་བ་ཞིག་ཡོད་པར་ཐོས་སོ།།