| e-texts navigator |
| Wylie |
134a1 ཁྲིམས་ཀྱི་ཕུང་པོ་ལ་སྐྱེན་མེད་ཅིང་། དྲན་པ་གཡེངས་པ་མེད་པར་ཉིན་ཞག་གཅིག་གམ། གཉིས་སམ། གསུམ་འམ་བཞི་འམ།
134a2 ལྔ་འམ། དྲུག་འམ། ཉིན་ཞག་བདུན་དུ་ཡིད་ལ་བྱའོ།། དེ་གག་ཏེ་ཉིན་ཞག་བདུན་དུ་སེམས་མི་གཡེང་བར་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ཡིད་ལ་བྱེད་ན།
134a3 དེ་ཉིད་ཞག་བདུན་ཚང་སྟེ་འདས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་མཐོང་ངོ་།། གལ་ཏེ་ཉིན་ཞག་བདུན་ན་བཅོམ་ལྡན་འདས་དེ་མཐོང
134a4 ནས་འགྱུར་ཏེ། དེ་ཉལ་བའི་རྨི་ལམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དེའི་ཞལ་སྟོན་ཏོ།། བཟང་སྐྱོང་འདི་ལྟ་སྟེ། དཔེར་ན་བུད་མེད་དམ་སྐྱེས
134a5 པ་ཉལ་བའི་རྨི་ལམ་ན་བདག་ཉིད་ཁྱིམ་ན་འདུག་པར་ཡང་མི་ཤེས། ཕྱོགས་ན་འདུག་པར་ཡང་མི་ཤེས་ཤིག། དེའི་མིག་གིས་དབང་པོ་ལ་རྩིགས་པས་བསྒྲིབས་པར
134a6 མི་བྱེད། མུན་པ་དང་། རབ་རིབ་དང་། འམ་མི་བྱེད་པ་དེ་བཞིན་དུ་བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་། ཇི་ལྟར་འཇིག་རྟེན་གྱིས
134a7 བར་དག་གིས་སྒྲིབ་པར་ཡང་མི་ཤེས། རཱིའི་རྒྱལ་པོ་རི་རབ་དང་། རིའི་རྒྱལ་པོ་འཁོར་ཡུག་དང་། འཁོར་ཡུག་ཆེན་པོ་དང་། དེ་བཞིན་དུ་གཞན་ཡང་རི་ནག་པོ
134a8 རྣམས་ཀྱིས་མིག་གིས་དབང་པོ་ལ་སྒྲིབ་པར་བྱེད་པ་དེ་ལྟར་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའ་དེ་ལྷའི་མིག་ཐོབ་པས་དེ་བཞིན་གཤེགས་པ་མཐོང་བ་མ