| e-texts navigator |
| Wylie |
133b1 སྙམ་དུ་སེམས་བསྐྱེད་པར་བྱའོ།། དེས་ཇི་སྐད་དུ་ཐོབ་པའི་སངས་རྒྱས་ཀྱིས་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱས་འདས་པ་ན། འཇིག་རྟེན་གྱིས་ཁམས་བདེ་བ་ཅན་ན། བརྩེ
133b2 ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ང་ད་ལྟར་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་ཅིང་མདུན་དུ་བདར
133b3 ཏེ་བཞུགས་སོ། མཚོའོ་བ་ཞེས་སོ།། ཆོས་ཀྱང་བསྟོན་ཏོ།། སྙམ་དུ་ཡིད་ལ་བྱེད་དེ། དེས་ཀྱང་སེམས་མ་གཡེངས་པས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་དོ།། བཟང
133b4 སྐྱོང་འདི་ལྟ་སྟེ། སྐྱེས་པ་འམ་བུད་མེད་གང་ལ་ལ་ཞིག་ཉལ་བའི་རྨི་ལམ་ན། གཟུགས་ཀྱིས་རྣམ་པ་མཐོང་སྟེ། དངུལ་འམ་གསེར་འམ་བྱམས་པ་འམ། གཉེན་ནམ
133b5 སྣག་གིས་གཉེན་མཚམས་སམ། འཛའོ་དང་། ཡིད་དུ་འོངས་པ་དང་། སྡུག་པ་དང་མི་འཐུན་པ་མེད་པ་མཐོང་ལ། དེ་ལ་རྨི་ལམ་དུ་དེ་དག་དང་ལྷན་ཅིག་ཏུ་རྩེ་དགའ་ཡོད
133b6 སུ་སྤྱོད་ཅིང་སྨྲ་བར་རྨིས་པ་ལས། དེ་སད་ནས་ཇི་ལྟར་མཐོང་བ་དང་ཐོས་པ་དང་། ཤེས་པ་དང་རྟོག་པ་དང་། སྨྲས་པ་དང་ཀུན་ཏུ་སྨྲས་པ་དེ་ཐམས་ཅད་གཞན་དག་ལ
133b7 ཡང་བརྗོད་ཅིང་དེ་རྨི་ལམ་གྱིས་མཚན་མ་རྗེས་སུ་དྲན་པས་འཆི་མ་ཀློག་པར་བྱེད་དོ།། བཟང་སྐྱོང་དེ་བྱང་ཆུབ་སེམས་དཔའ་ཁྱིམས་པའམ་རབ་ཏུ་བྱུང་བ་ཡང་རུང་། ཅིག་པུར
133b8 དབེན་པར་སོངས་སྟེ། འདུག་ལེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཇི་ཐོས་པའི་རྣམ་པས་ཡིད་ལ་བྱ་སྟེ། ཚུལ