| e-texts navigator |
| Wylie |
133a1 འགྲོ་བ་ཐམས་ཅད་སྤྲུལ་པ་དང་ཚུངས་པ། དེ་བཞིན་གཤེགས་པ་ལྟ་བ་གཟུགས་བསྙེན་དང་མཚུངས་པ། བྱང་ཆུབ་ཀྱི་སེམ
133a2 ཡོངས་སུ་རྒོལ་བ། ཕ་རོལ་དུ་ཕྱིན་པ་རྣམས་ལ་སེམས་མཉམ་དེ་བཞིན་གཤེགས་པ་རྣམས་བལྟ་བ་ལ་ཡང་དག་པའི་མཐའ་དང་མཉམ་པ། སངས་རྒྱས་ཐམས་ཅད་ལ
133a3 ཡོན་ཏན་གྱིས་ཆོས་ཐམས་ཅད་མཉམ་པ་འདི་ནི་བཟང་སྐྱོང་ད་ལྟར་གྱིས་སངས་རྒྱས་མངོན་དུ་ཞུ་བ་ཞེས་བྱ་བའི་བཏིང་ངེ་འཛིན་ཅེས་བྱའོ།། །
133a4 ལེའུ་གཉིས་པའོ།། །། བཟང་སྐྱོང་ཆོས་དེ་རྣམས་ནི་བཏིང་ངེ་འཛིན་དེ་ཡོངས་སུ་བསྐྱེད་པར་འགྱུར་དེ། བཟང་སྐྱོང་དེ་ལ
133a5 བཏིང་ངེ་འཛིན་གང་ཆོས་རྣམས་ཀྱིས། ཡོངས་སུ་བསྐྱེད་པར་འགྱུར་བའི་བཏིང་ངེ་འཛིན་གང་ཞེ་ན། འདི་ལྟ་སྟེ། ད་ལྟར་གྱིས་སངས་རྒྱས་མངོན་དུ་བཞུགས་པ་ཞེས་བྱ།
133a6 བའི་ཏིང་ངེ་འཛིན་ཏོ།། བཟང་སྐྱོང་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ཡང་གང་ཞེ་ན། བཟང་སྐྱོང་དེ་ལ་དགེ་སློང་མ་འམ།
133a7 དགེ་བསྙེན་ནམ། དགེ་བསྙེན་མ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད་པར་འགྱུར་ལ། དེ་ཅིག་པུ་དབེན་པར་སོང་སྟེ། འདུག་ནས། འདི་སྙམ་དུ་བཅོམ་ལྡན་འདས
133a8 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཕྱོགས་གང་རོལ་ན་སྤྱོད་ཅིང་མཆོག་ཞེས། ཆོས་ཀྱང་སྟོན་ཅིང་བཞུགས