| e-texts navigator |
| Wylie |
132b1 སྤོང་བ། རིགས་བརྩོན་པ་རྣམས་ལ་རྟེན་པ། མཚན་མ་ཐམས་ཅད་རྣམ་པར་སེལ་བ། དུས་གསུམ་མཉམ་པ། སངས་རྒྱས་ཐམས་ཅད་ལ་བསྐྱེད
132b2 པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། བཏིང་ངེ་འཛིན་ཐམས་ཅད་ལ་དབང་བ། སངས་རྒྱས་སྐུའི་མཚན་མ་ལ་མངོན་པར་མ་ཆགས་པ། ཆོས
132b3 ཐམས་ཅད་ལ་མཉམ་པ། འཇིག་རྟེན་ལ་བརྩོན་པ་མེད་པ། བྱ་བ་རྣམས་ལ་མི་ཐུན་པ་མེད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་པ། ངེས་པར་འབྱུང
132b4 བའི་ལམ། དེ་བཞིན་གཤེགས་པའི་བཟོད་པ་ཐོབ་པ། ཆོས་ཀྱིས་དབྱིངས་ལ་འཇུག་པ་ནམ་མཁའི་དབྱིངས་ལ་འཇུག་པ་ནམ་མཁའི་དབྱིངས་སུ་ཤེས་པ།
132b5 སེམས་ཅན་གྱིས་ཁམས་ལ་མངོན་པར་མི་ཆགས་པ། མི་སྐྱེ་བ་མི་འགག་པ། མྱ་ངན་ལས་འདས་པའི་དབྱིངས་མངོན་སུམ་དུ་གྱུར་པ། ཤེས་རབ་ཀྱི་མིག་རྣམ
132b6 པར་སྦྱོངས་པ། ཆོས་ཐམས་ཅད་ལ་གཉིས་སུ་མེད་པ། བྱང་ཆུབ་ཀྱི་སེམས་ལ་མཐའ་དང་དབུས་མེད་པ། སེམས་ཀྱི་རྒྱུད་ཅིག་ཏུ་གྱུར། སངས་རྒྱས་ཐམས
132b7 ཅད་དང་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པ། ཡེ་ཤེས་ཀྱི་སྒྲིབས་ལ་མེད་པ། བྱང་ཆུབ་ཀྱིས་ཕྱིར་སེམས་ཡོངས་སུ་སྨིན་པ། སངས་རྒྱས་ཀྱིས་ཡེ་ཤེས་གཞན
132b8 ལ་རག་མ་ལུས་པ། དགེ་བའི་གཤེས་གཉེན་རྣམས་ལ་སྟོན་པར་འདུ་ཤེས་པ། བྱང་ཆུབ་སེམས་དཔའ་རྣམས་ལ་མི་འབྱེད་པ། བདུད་ཀྱི་ལས་རྣམ་པར་སྤོང་བ།