| e-texts navigator |
| Wylie |
132a1 རློམ་སེམས་སུ་མི་བྱེད་པ། སེམས་དུ་འདུ་ཤེས་པ། སྤོང་བ། སྲོག་ཏུ་འདུ་ཤེས་པ་མ་དམིགས་པ། གང་ཟག་ཏུ
132a2 འདུ་ཤེས་པ་ཡོངས་སུ་སྤོང་བ། ཕུང་པོ་ལ་འདུ་ཤེས་པ་རྣམ་པར་སེལ་བ། དངོས་པོ་འདུ་ཤེས་པ་རྣམས་ལ་གནས་པ། མྱ་ངན་ལས་འདས་པ་འདོད་པ། འཁོར
132a3 བ་ལ་མི་ཟད་པའི་འཇིགས་པར་འདུ་ཤེས་པ། ཕུང་པོ་རྣམས་ལ་བཤད་པར་འདུ་ཤེས་པ། ཁམས་རྣམས་ལ་དྲུག་དྲག་པོར་འདུ་ཤེས་པ། སྐྱེ་མཆེད་རྣམས
132a4 ལ་གྲོང་སྟོང་པར་འདུ་ཤེས་པ། ཁམས་གསུམ་ལ་མི་བདེ་བར་འདུ་ཤེས་པ། མྱ་ངན་ལས་འདས་པ་ཡོན་ཏན་དུ་ལྟ་བ། འདོད་པ་རྣམས་ལ་ངར་སྣབས
132a5 ཀྱིས་ཕུང་པོ་ལྟར་སྤང་བར་འདུ་ཤེས་པ། ཟས་ལ་མི་འཐུན་པར་འདུ་ཤེས་པ། འབྱུང་བ་ཕྱོགས་པ་ཁྱིམ་ན་གནས་པ་ལ་མི་དགའ་བ། བུ་དང་བུ་མོ་རྣམས
132a6 ལ་སྒྲར་འདུ་ཤེས་པ། རླུང་མཾ་སྲིན་མོར་འདུ་ཤེས་པ། སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པར་དང་བ། སེམས་ཅན་ཐམས་ཅད་དང་མི་མཐུན་པ་མེད་པ།
132a7 འཇིག་རྟེན་གྱིས་ཁམས་ཐམས་ཅད་དུ་གནས་མེད་པ། སངས་རྒྱས་ཐམས་ཅད་མངོན་སུམ་དུ་གྱུར་པ། ལེགས་པར་བསྙེན་པ། རྫོགས་ཤིང་ཚངས་པར
132a8 སྤྱད་པ། ལུས་ཐམས་ཅད་རྟོག་པ། མོས་པས་ཡོངས་སུ་དག་པ། བསམ་པ་དག་པ། སེམས་ལས་སུ་རུང་བ། མ་རིགས་ལ་བརྩོན་པ་རྣམ་པར