| e-texts navigator |
| Wylie |
131b1 པ་རྣམས་ཀྱིས་དྲུང་དུ་ཉེ་བར་འགྲོ་ཞིང་དེ་དག་ལ་བསྙེན་བཀུར་བྱེད་པ། བྱིས་པ་རྣམས་ལ་རྣམ་པར་སྤོངས་པ། འཇིག་རྟེན་པའི་ཏམ་ལ་མངོན་པར་མི་དགའ་ཞིང
131b2 རང་དུ་མི་འདོད་ལ་རིང་དུ་བྱེད། འཇིག་རྟེན་ལས་འདས་པའི་གཏམ་ལ་མངོན་པར་མི་དགའ་ཞིང་མི་འདོད་ལ། ཆོས་ཤིང་རྟེན་པ་བྱེའོ་སོང་གིས་རྒྱུད་རྣམས་སྤོངས
131b3 བ། དགའ་བར་བྱེད་པའི་ཆོས་དྲུག་བསྟན་པ། སྙན་པ་པ་རྣམས་སྨྲ་བ། རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་ལ་བརྟེན་པ། ཕུང་པོ་ལྔ་ཡོངས་སུ་ཤེས་པ།
131b4 མི་དགེ་བ་བཅུའི་ལས་ཀྱིས་ལམ་རྣམ་པར་སྤོང་བ། དགེ་བ་བཅུའི་ལས་ཀྱིས་ལམ་རྣམས་བསྒོམ་པ། སྟོབ་བཅུ་བསྒྲུབས་པ། གནོད་པའི་དངོས་པོ
131b5 དགུ་རྣམ་པར་སྤོང་བ། འདུ་ཤེས་དགུ་རྣམ་པར་སྒོམ་པ། ལེ་ལོག་གིས་དངོས་པོ་བརྒྱད་རྣམ་པར་སྤོང་བ། བརྩམ་པའི་དངོས་པོ་དགུ་ལ་རྣམ་པར་རྟེན
131b6 པ། ཟས་ཀྱིས་གནོད་པའི་སྐྱེའི་ཆེད་རྒྱད་ལ་རྟེན་པ། རྣམ་པར་གྲོལ་བརྒྱད་སྒོམ་པ། སྐྱེས་བུ་ཆེན་པོ་རྣམ་པར་རྟོག་པ་བརྒྱད་ཐོབ་པ། འཕགས་པའི་ལམ་ཡན
131b7 ལག་བརྒྱད་དང་མཐུན་པ། བསམ་གཏན་ལ་མི་ཆགས་པ། ཐོས་པས་རློམ་སེམས་མི་བྱེད་པ་རྒྱལ་བ་རྣམས་བཅོམ་པ། ཆོས་ཉན་པར་འདོད་པ། ཆོས
131b8 འདོད་པ། ཆོས་དོན་དུ་གཉེར་བ། ཆོས་ལ་མོས་པ། ཆོས་ལ་ཕྱོགས་པ། ཆོས་འབབ་པ། ཆོས་ལ་གཞོལ་བ། ཆོས་ལ་བརྩོན་པ། བདག་ཏུ་འདུ་ཤེས་པས།