e-texts navigator
Collection
Volume
Page
Wylie

131a1 སྙོམས་བསྒོམ་པ། ཉེ་བའི་ཉོན་མོངས་པ་རྣམས་ལ་ཡོངས་སུ་གཏང་བ། བསམ་གཏན་བསྒྲུབ་ཅིང་དེ་དག་མྱོང་བར་མི་བྱེད་པ། གཟུགས་ཀྱི་འདུ་ཤེས་རྣམ
131a2 པར་སེལ་བ། དགའ་མི་སྡུག་པའི་འདུ་ཤེས་རབ་ཏུ་རྙེད་པ། དྲན་པ་མི་དགེ་བ་གཡེང་བ་ཕུང་པོ་རྣམས་ཡོངས་སུ་མི་འཛིན་པ། ཁམས་རྣམས་ལ་སློམ་སེམས་མེད་པ། སྐྱི།
131a3 ཆེད་རྣམས་ལ་མངོན་པར་མི་ཆགས་པ་རིགས་སྨྲ་བས་སྙེམས་པར་མི་བྱེད་པ། ང་རྒྱལ་ཚར་གཅོད་པ། གཞན་གྱིས་རྙེད་པ་ལ་ཕྲ་དོག་མེད་པ། སེམས་ཅན་ལ་ཕན་པའི
131a4 བཞིར་གྱུར་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སེམས་ཅན་ཐམས་ཅད་མི་གཏོང་བ། སེམས་ཅན་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་པ།
131a5 སེམས་ཅན་ཐམས་ཅད་ལ་བདག་ཏུ་འདྲ་ཤེས་པ། སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་པ། ཕར་ཤེས་པ། བུར་འདུ་ཤེས་པ། གཉེན་དུ་འདུ་ཤེས
131a6 པ། སེམས་ཅན་ཐམས་ཅད་ལ་ཉོན་མོངས་པ་མེད་པར་འདུ་ཤེས་པ། དངོས་པོ་ཐམས་ཅད་ཡོངས་སུ་མ་འཛིན་པ། ཚུལ་ཁྲིམས་མི་སྙེམས་ལ། ཏིང་ངེ་འཛིན
131a7 ལ་ངེས་པར་སྟོན་པ། མང་དུ་ཐོས་པ། འདོད་ཅིངས་ངེས་ཀྱང་རློམ་སེམས་སུ་མི་བྱེད་པ། ཚུལ་ཁྲིམས་ཀྱིས་ཕུང་པོ་ལ་སྐྱོན་མེད་པ། ཏིང་ངེ་འཛིན་གྱིས་ཕུང་པོ་ལ
131a8 གཡོ་བ་མེད་པ། ཆོས་རྣམས་ལ་ཐེ་མཚོམ་མེད་པ། སངས་རྒྱས་དང་འཐུན་པ། ཆོས་མི་སྤོངས་པ། དགེ་འདུན་འབྱེད་པ། ཕྲ་མའི་ཚིག་སྤོངས་པ། འཕགས




iiif viewer powered by OpenSeadragon

130b - 131b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo