| e-texts navigator |
| Wylie |
130b1 དུཐཱམ?། ཐེག་པར་བྱས་དངོས་པོར་བྲམ། ཡང་དག་པར་བསྲུང་ཤིང་ཡོངས་སུ་འདྲིས་པར་བྱས། ཤིང་དུ་མཉམ་པར་བསག། ཤིན་དུ་མཉམ་པར་བཞག། ཤིན་དུ་ཡང་དག་པར་བརྩམས
130b2 ནོ་ཆོས་ཐམས་ཅད་ཀྱི་ཡོན་ཏན་ཁྱེད་པར་དུ་འཕགས་པར་འགྱུར་རོ།། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་ཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ།
130b3 མང་དུ་ཐོབ་པའི་མངོན་དུ་འགྲོ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ།། བཟང་སྐྱོང་དེ་ལ་ད་ལྟར་གྱིས་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེས་ན།
130b4 སངས་རྒྱས་ལ་དམིགས་པའི་སེམས་ཡིད་ལ་བྱེད་པ། སེམས་མི་གཡེངས་པ་ཤེས་རབ་རྙེད་པ། བརྩོན་འགྲུས་མ་གཏོང་བ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་བསྐུར་བྱེད་པ། སྟོང
130b5 པ་ཉིད་ལ་ཀུན་ཏུ་བསྟན་པ། སྒོམ་པ་མང་དུ་བྱེད་པ། སྒྲིབ་པ་རྣམས་སྤོངས་པ། རྨུགས་པ་དང་གཉིད་རྣམ་པར་སྤོངས་པ། གཏམ་རྒྱུད་ཡོངས་སུ་སྤངས་པ། སྡིག་པའི་གྲོགས་པོ་རྣམ
130b6 པར་སྤོང་བ། དགེ་བའི་གཤེས་གཉེན་རྣམས་ལ་ངེས་པར་བསྟོན་པ། དབང་པོ་རྣམས་མ་གཡེང་བ། ཟས་ཀྱི་ཚོད་ཤེས་པ། སྲོད་དང་ཐོ་རངས་ལ་མི་ཉལ་བའི་བརྩོན་འགྲུས་དང་ལྡན་པ།
130b7 གོས་དང་ཟས་དང་མལ་བསྟན་དང་། ནད་ཀྱི་སྨན་དང་། ཡོ་བྱད་རྣམས་ལ་མ་ཆགས་པ། དགོན་པ་ལ་གནས་པ་མི་གཏོང་བ། ལུས་ལ་ཆེད་ཆེ་བར་མི་བྱེད་པ། སྲོག་ལ་མི་ལྟ་བ། ལུས
130b8 གཏོང་བ། སེམས་ལ་ཕན་འདོགས་པ། གཉེན་རྣམས་ཡོངས་སུ་སྤོང་བ། སྐྱེས་པའི་ས་རིང་དུ་བྱེད་པ། བྱམས་ལ་ཀུན་བསྟན་པ། སྙིང་རྗེ་ཐོབ་པ། དགའ་བ་ལ་གནས་པ། གཏང