| e-texts navigator |
| Wylie |
130a1 མངོན་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅིག་ཡོད་དེ། ཏིང་ངེ་འཛིན་དེ་བཟུང་ཞིང་མ་བརྗེད་ལ། རྣ་བླགས་ཏེ་ཉེན་ཅིང་སེམ།
130a2 མི་གཡེངས་པར་རབ་ཏུ་གཉེད་ནས། ཡོན་ཏན་གྱིས་ཁྱེད་པར་དེ་དག་རྙེད་པ་མི་དཀའ་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་།
130a3 སྐྱོང་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བས་ན་དེ་བཞིན་གཤེགས་པས་བཏིང་ངེ་འཛིན་དེ་བཤད་པར་གསོལ།།
130a4 དེའི་སྐྱེ་བོ་མང་མོ་སྨོན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱིས་དོན་དང་སྨན
130a5 པ་དང་། བདེ་བར་འགྱུར་ཞིང་མ་འོངས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་སྤོང་བ་ཆེན་པོ་བགྱིས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས
130a6 ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཟང་སྐྱོང་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་།།
130a7 ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་དེ་དེ་བཞིན་ནོ།། ཞེས་བྱང་ཆུབ་སེམས་དཔའ་ཆེན་པོ་བཟང་སྐྱོང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཛིན་རྟེན་གྱིས། བཅོམ་ལྡན
130a8 འདས་ཀྱིས་ཇི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་པ་དང་། བཟང་སྐྱོང་ཆོས་ཅིག་ལ་ཀུན་ཏུ་བརྟེན། ངེས་པར་བསྟན་ཅིང་བསྒོམས་ལས་མང་།