e-texts navigator
Collection
Volume
Page
Wylie

129b1 ནི་སྔོན་གྱིས་རྒྱལ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྲུན་པ། སངས་རྒྱས་མང་པོ་ལ་བརྒྱ་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་ལ་བསྙེན་བཀུར་བྱས་པ། ཆོས་རོལ་བ་ཆོས
129b2 འདོད་པ་མི་དམིགས་པར་ཚངས་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་སློང་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར
129b3 དགའ་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་བསྐུལ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་བཟེད་བསྟོད
129b4 པ། བྱང་ཆུབ་སེམས་དཔའ་ལུང་འབོག་པ། བྱང་ཆུབ་སེམས་དཔའ་རྣམས་བསྒྲུབ་པར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པར་འདོད་པ། སྙིང་།
129b5 རྗེ་ཆེ་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སེམས་ཀྱི་དབང་ཐམས་ཅད་ཀྱིས་དམ་པའི་ཕ་རོལ་དུ་སོན་པ། སངས་རྒྱས་མཐོང་བ། སྨོན་ལམ
129b6 རྒྱ་ཆེན་པ། སྤྱོད་ཡུལ་ཟབ་པ། ཐམས་ཅད་མཁྱེན་པ། སེམས་པས་བྱང་ཆུབ་ཡང་དག་པར་འཛིན་པ། དེ་བཞིན་གཤེགས་པའི་གདུང་སྒོག་པར
129b7 བྱེད་པ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུ། མཉམ་ཞིང་མཚུངས་པ། སེམས་ཅན་ཐམས་ཅད་ཀྱིས་བསམ་པ་ཀུན་དུ་སྤྱོད་པ་ལ་མཁས་པ། སངས་རྒྱས
129b8 ཐམས་ཅད་དངོས་སུམ་དུ་གསུས་པ་སྟེ། བཟང་སྐྱོང་ཁྱོད་ཀྱིས་ཡོན་ཏན་བརྗོད་ན་ལྟ་མཐར་མི་ཕྱིན་མོད་ཀྱིས། བཟང་སྐྱོང་འོན་ཀྱང་ད་ལྟར་གྱིས་སངས་རྒྱས




iiif viewer powered by OpenSeadragon

129a - 130a

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo