| e-texts navigator |
| Wylie |
129a1 པ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་གྱིས་ཁམས་འདི་ནས་འཆི་འཕོས་ཏེ།
129a2 སངས་རྒྱས་ཀྱིས་ཞིང་དེ་ན་གནས་པ་མ་ལགས་ཀྱིས། བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་གྱིས་ཁམས་འདི་ཉིད་ན་གནས་པ་བཞིན་དུ་སངས་རྒྱས
129a3 རྣམས་ཀྱང་མཐོང་ལ་ཆོས་ཀྱང་ཉན་ཅིང་དེ་ཐམས་ཅད་ཀྱང་ཀུན་འཛིན་ཏེ། ཇི་ལྟར་བདག་ད་ལྟར་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་མཆིས་བཞིན་དུ་སངས
129a4 རྒྱས་ཀྱིས་སྤྱན་སྔར་མཆིས་བཞིན་དུ། ཐེ་ཚོམ་དང་ནེམ་གནུར་མ་མཆིས་པ་དེ་བཞིན་དུ། བྱང་ཆུབ་སེམས་དེ་རྣམས་ཀྱང་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང
129a5 ཞིང་ཆོས་ཉན་པ་དང་མི་འབྲལ་བ་རྣམས་སུ་འགྱུར་བའི་བཏིང་ངེ་འཛིན་གང་ལགས།། ལེའུ་དང་པའོ།།
129a6 དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཟང་སྐྱོང་ལེགས
129a7 སོ་ལེགས་སོ།། བཟུང་སྐྱོང་ཁྱོད་ཀྱིས་སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་རྩེ་བ་དང་། སྐྱེ་བོ་ཕུལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱིས
129a8 དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཞིང་བཟང་སྐྱོང་ཁྱོད་དེ་ལྟར་དེ་བཞིན་གཤེགས་པ་ལ་འདི་ལྟ་བུའི་དོན་དྲི་བར་སེམས་པ་ལེགས་སོ།། བཟང་སྐྱོང་ཁྱོད