| e-texts navigator |
| Wylie |
128b1 ཀྱིས་བྱི་རུ་རྣམས་སུ་འགྱུར་བ་དང་། ཆོས་ཀྱིས་སྐུ་དང་འདྲི་བའི་མཚན་ཉིད་ལྡན་པས་ན་མཁའ་ལྟ་བུ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་གདུང་མི་ཆད་པར་བྱ།
128b2 བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐལ་བ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་གཏོང་བ་རྣམས་སུ་འགྱུར་བ་དང་། ལེགས
128b3 པར་གནས་ཤིང་མྱུར་བ་བཅས་ཤེས་པས་གོ་ཆ་ཆེན་པོ་དགོས་པ་རྣམས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་ས་ལ་ཐམས་ཅད་མཁྱེན་པ་ཉིད
128b4 ཀྱི་དབང་བསྐུར་བ་རྣམས་སུ་འགྱུར་བ་དང་། བགྲང་བའི་ཚུལ་གིས་ཆོག་པས་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་རབ་ཏུ་རྟོགས་པ་རྣམས་སུ་འགྱུར་བ་དང་། གྲངས་ཀྱི་རྣམ
128b5 པ་ཐམས་ཅད་ཉེ་བར་རྟོགས་པས་འཇིག་པ་དང་། ཆགས་པ་ཐམས་ཅད་ལ་མཁས་པ་རྣམས་སུ་འགྱུར་བ་དང་། སྟོང་པ་ཐམས་ཅད་ལ་ནན་ཏན་བྱེད་པས
128b6 མི་གནས་ཤིང་ལེན་པ་མེད་པ་རྣམས་སུ་འགྱུར་བ་དང་། འགྱོད་པ་མེད་པའི་སྦྱིན་པ་ཆེན་པོར་གྱུར་པས་སྟོང་པ་མཁས་པ་རྣམས་སུ་འགྱུར་བ་དང་།
128b7 སྲིད་པའི་འགྲོ་བ་ཐམས་ཅད་ལ་སྐྱེ་མཆེད་ཐམས་ཅད་ཆད་མི་ཆེ་བ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱིས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས
128b8 རྣམས་ཀྱིས་ཞིང་དག་མཐོང་ཞིང་ཆོས་ཀྱང་ཉན་ལ། དེ་ཡང་འཛིན་ཅིང་མི་སྐྱུག་པ། ལྔ་མངོན་པར་ཤེས་པར་འགྱུར་གྱིས། དྲུག་མངོན་པར་ཤེས་པ་ལ