e-texts navigator
Collection
Volume
Page
Wylie

128a1 པས་དམ་བཅས་པ་མ་ཉམས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སྣང་བས་ཆོས་ཀྱིས་གཏམ་རྣམ་པར
128a2 གདོན་མི་ཟ་བའི་ཕྱིར་སེང་གེའི་ཁྲི་ལ་འདུག་པ་མང་བ་རྣམས་སུ་འགྱུར་བ་དང་། ཡང་དག་པར་བརྗོད་པ་ལ་འཇུག་པ་ཐམས་ཅད་རབ་ཏུ་རྟོགས་པས་འཇིག་རྟེན་རྒྱང་པན
128a3 ཐམས་ཅད་མ་རྟེན་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་སུ་འགྱུར་བའི་རྒྱུ་གནས་པས། དམ་པའི་ཆོས་སྨྲ་བ་རྣམས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པའི
128a4 ཞབས་འབྲིང་བྱེད་པས་ཆོས་འདོད་པ་རྣམས་སུ་འགྱུར་བ་དང་། དགེ་བའི་གཤེས་བསྙེན་བཀུར་བྱེད་པས་སྐྱོ་བ་མེད་པ་རྣམས་སུ་འགྱུར་བ་དང་། ཕྱོགས་བཅུར་རྣམ་པར་རྒྱ
128a5 བར་གནས་པ་མེད་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་སྨོན་ལམ་འདེབས་པ་རྣམས་སུ་འགྱུར་བ་དང་། རིན་པོ་ཆེའི
128a6 མཆོག་རྣམས་སུ་སྟོན་པ་ལ་མཁས་པས་ཆོས་ཀྱི་བརྒྱ་མཚོར་ཞུགས་པ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱིས་ཁམས་ཐམས་ཅད་རྣམ་པ་སྣ་ཚོགས་པས།།
128a7 འཇིག་རྟེན་གྱིས་ཁམས་ཐམས་ཅད་ལས་མི་གཡོ་བ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱིས་ཆོ་འཕྲུལ་གྱིས་རྣམ་པར་རོལ་པ་སྤྱོད་པས་ཆོ་འཕྲུལ་ཆེན་པོ་མྱོང
128a8 བར་རྣམས་སུ་འགྱུར་བ་དང་། སངས་རྒྱ་བ་ལྟ་བ་སེམས་ཀྱིས་སྐད་ཅིག་མ་ལ་རག་ལུས་པ་རྣམས་སུ་འགྱུར་བ་དང་། ཆོས་ལ་གུས་པ་རབ་ཏུ་རྙེད་པ་ཡེ་ཤེས




iiif viewer powered by OpenSeadragon

127b - 128b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo