e-texts navigator
Collection
Volume
Page
Wylie

127b1 སྤྱད་པ་རྣམས་སུ་འགྱུར་བ་དང་། རྣམ་པར་མི་རྟོག་པའི་ཆོས་ཅན་པས་ཡང་དག་ལ་གནས་པ་རྣམས་སུ་འགྱུར་བས། ཐེག་པ་ཆེན་པོ་ལ་སེམས་ཅན་ཐམས་ཅད
127b2 གཞོལ་བས། ཐམས་ཅད་མཁྱེན་པའི་གཏན་ཡང་དག་པར་སྟོན་པ་རྣམས་སུ་འགྱུར་བ་དང་། འཇིགས་ཤིང་བ་སྤུ་གཡོ་བ་ཐམས་ཅད་དང་བྲལ་བས། མ
127b3 འཇིགས་པ་ཐོབ་པ་རྣམས་སུ་འགྱུར་བ་དང་། མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ་དེ་བཞིན་གཤེགས་པའི་དགོངས་པ་ཅན་མཁས་པ་རྣམསུ་འགྱུར་བ་དང་།
127b4 འཁོར་ཐམས་ཅད་ཀྱིས་ནང་དུ་ཉེ་བར་འགྲོ་བས་ཀུན་ཏུ་བཞིན་སྟོན་པ་རྣམས་སུ་འགྱུར་བ་དང་། ཐེག་པ་ཆེན་པོ་ལ་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་ཅིང་བསོད
127b5 ནམས་དང་ཡེ་ཤེས་ཐམས་ཅད་ཀྱིས་བདག་པོ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་པ་ཐམས་ཅད་ཀྱིས་སྦྱིན་གནས་སུ་གྱུར་པས་ཡོན་ཏན་ཟད་མི་ཤེས་པ་རྣམས
127b6 སུ་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཞབས་དྲུང་དུ་དགའ་བ་དང་དད་པ་ཆེན་པོ་རྣམས་རབ་ཏུ་རྙེད་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ལ་ཆོས་ཐམས
127b7 ཅད་ཡོངས་སུ། འདྲི་བ་དག་པའི་སློབ་པ་ཅན་རྣམས་སུ་འགྱུར་བ་དང་། འཁོར་གྱིས་ནང་དུ་འཇིག་ཤིང་བག་ཚ་བ་སྤངས་པས་ཡིད་སྤ་མི་དགོད་པ་རྣམས་སུ
127b8 འགྱུར་བ་དང་། ཕ་རོལ་གྱིས་རྒོལ་བ་ཐམས་ཅད་ཚར་བཅད་པས། རྒོལ་བའི་རྟག་ལྟ་བུ་རྣམས་སུ་འགྱུར་བ་དང་། ཕ་རོལ་གྱིས་ཕྱོགས་ཐམས་ཅད་འཇོམ




iiif viewer powered by OpenSeadragon

127a - 128a

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo