e-texts navigator
Collection
Volume
Page
Wylie

127a1 དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མི་ཆགས་པའི་སྤྱོད་ཡུལ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ཆོས་ཀྱི་ཚིག་གི་བྱ་བྲེག
127a2 ཐམས་ཅད་ལ་མཁས་པས་གཟུངས་ཀྱིས་སྒོར་ཞུགས་པ་རྣམས་སུ་འགྱུར་བ་དང་། ཁྱུ་མཆོག་དང་སེང་གེའི་སྒྲ་སྒྲོགས་པས་བག་ཚ་བ་མེད་པ་རྣམས་སུ་འགྱུར་བ་དང་།
127a3 འཇིག་རྟེན་པ་ཐམས་ཅད་ཡང་དག་པར་དགའ་བར་བྱེད་པར་འཇིག་པ་མེད་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་དང་མཉམ་པས་མེད་པ་རྣམས་སུ་འགྱུར
127a4 བ་དང་། ཐེ་ཚོམ་དང་བྲལ་བས་དེ་བཞིན་ཉིད་ལ་རབ་ཏུ་གནས་པ་རྣམས་སུ་འགྱུར་བ་དང་། དྲིས་པ་ཐམས་ཅད་ལུང་བསྟན་པ་ལ་ཆོས་ཐམས་ཅད་ལ་གཞན་གྱིས
127a5 དྲིང་མི་འཇོག་པ་དང་། སྲིད་པ་དང་དུས་གསུམ་སྟོན་ནུས་པ་རྣམས་སུ་འགྱུར་བ་དང་། སྙིང་རྗེ་ཆེན་པོ་ཐོབ་པས་ཕན་འདོགས་པ་རྣམས་སུ་འགྱུར་བ་དང་། ཆོས
127a6 བཤད་པ་ལ་སྙོམས་ལས་མེད་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་བ་ལ་གནས་པ་རྣམས་སུ་འགྱུར་བ་དང་། གཡོད་མེད་པས
127a7 རྒྱུ་མེད་པས་རྣམས་སུ་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་སྒྲོན་མར་གྱུར་པས་དྲང་པོ་རྣམས་སུ་འགྱུར་བ་དང་། ཁམས་གསུམ་ཐམས་ཅད་ནི་ཚད་མེད
127a8 པ་རྣམས་སུ་འགྱུར་བ་དང་། ཐ་སྙད་ཙམ་དུ་སྤྱོད་པས་ཉོན་མོངས་པ་མེད་པ་ལ་གནས་པ་ལ་རྣམས་སུ་འགྱུར་བ་དང་། གཞི་མེད་པ་ལ་དགའ་བས་མ་འདྲེས་པ




iiif viewer powered by OpenSeadragon

126b - 127b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo