e-texts navigator
Collection
Volume
Page
Wylie

126b1 པས། ཆོས་ཐམས་ཅད་ལ་མོས་པ་རྣམས་སུ་འགྱུར་ཞིང་། སངས་རྒྱས་ཐམས་ཅད་ལ་ཕ་དང་མར་འགྱུར་ཤེས་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ལ་སྣང་བ
126b2 སྐྱེས་པས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་མངོན་དུ་འགྱུར་པས་ཤེས་པ་སྒྲིབས་པ་མེད་པ
126b3 རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ལ་རློམ་སེམས་མེད་པས་སྒྱུ་མའི་སྐྱེས་བུ་རྣམས་སུ་འགྱུར་བ་དང་། མ་སྐྱེས་མ་འོངས་ཤིང་། འགྲོ་བ་མེད་པའི་ཆོས
126b4 དང་ལྡན་པས་སྤྲུལ་པ་ལྟ་བུ་རྣམས་སུ་འགྱུར་བ་དང་། དུས་གསུམ་ལ་རྟོགས་པས་རྨི་ལམ་ལྟ་བུ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ
126b5 རང་གིས་ལུས་ཡང་དག་པར་སྟོན་པས་གཟུགས་བསྙེན་རྣམས་སུ་འགྱུར་བ་དང་། འཕོ་བ་མེད་ཅིང་མིང་གིས་གནས་བརྟེན་པ་མེད་པའི་ཆོས་ཅན་པས་སྒྲ་བསྙེན
126b6 ལྟ་བུ་རྣམས་སུ་འགྱུར་བ་དང་། འཆི་འཕོ་བ་དང་སྐྱེ་བ་ཐམས་ཅད་ལ་དྲི་མ་ལྟ་བུ་རྣམས་སུ་འགྱུར་བ་དང་། དངོས་པོ་འདུ་ཤེས་པ་སྤངས་པས་དངོས་པོ་མེད་པར་ཤེས
126b7 པ་རྣམས་སུ་འགྱུར་བ་དང་། ཆོས་གཉིས་སུ་འགྱུར་བ་དང་། བྲལ་བས་མཚན་ཉིད་མེད་པའི་ཆོས་རྣམས་ལ་གཞོལ་བ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་ཀྱིས
126b8 ཚད་མེད་པས་ཆོས་ཀྱིས་དབྱིང་ཐར་ཐུག་ལ་རྣམས་སུ་འགྱུར་བ་དང་། སེམས་ཀྱི་རྒྱུད་མི་གཡོ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་གཡོ་བ་རྣམས་སུ་འགྱུར་བ




iiif viewer powered by OpenSeadragon

126a - 127a

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo