| e-texts navigator |
| Wylie |
126a1 @ཚོགས་བསྲེགས་པས་ལྷག་པའི་བསམ་པ་སྣ་ཚོགས་རྣམས་སུ་འགྱུར་བ་དང་། བརྒྱན་གྱིས་བརྒྱན་པ་རྣམ་པར་དག་པས་ལྷག་པའི་བསམ
126a2 པ་རྣམསུ་འགྱུར་བ་དང་། རྫུན་དང་ཁོངས་ཁྲོ་བའི་རྐྱེན་སྤངས་པས་ལྷག་པའི་བསམ་པ་བཟང་བ་རྣམས་སུ་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སྣང་བས་ལྷག
126a3 པའི་བསམ་པ་ཡོངས་སུ་དག་པ་རྣམས་སུ་འགྱུར་བ་དང་། སེམས་ཀྱི་མཐའ་དང་ཞིང་ཤེས་རབ་རྒྱས་ཡོངས་སུ་བཟུང་བས་ཡིད་བདེ་བའི་བསམ་པ་རྣམས་སུ་འགྱུར་བ་དང་། འཇིག
126a4 རྟེན་གྱིས་ཁམས་ཐམས་ཅད་བརྒྱན་གྱིས་བརྒྱན་པ་རྣམ་པར་དག་པས་དཀོད་པ་ཆེན་པོ་ལ་སྤྱད་པའི་བསམ་པ་རྣམས་སུ་འགྱུར་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་སེམས
126a5 ཡིད་ལ་བགྱིད་པ་དང་བྲལ་བས་ཚུལ་ཁྲིམས་ཡོངས་སུ་དག་པ་རྣམས་སུ་འགྱུར་བ་དང་། བརྩམས་པ་ཐམས་ཅད་འཇུག་ཏུ་ཕྱིན་པས་ཡིད་དམ་ལ་རྟེན་པ་རྣམས་སུ་འགྱུར་བ
126a6 དང་། སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྗེས་སུ་སྤྱོད་པའི་སྔོན་དུ་འགྲོ་བ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་རྣམས་དང་།
126a7 ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡོངས་སུ་མི་འཇུགས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕྱིར་མི་ལྡོག་པ་རྣམས་སུ་འགྱུར་བ་དང་། བདུད་དང་མུ
126a8 རྟོགས་ཅན་གཞན་དང་། ཕ་རོལ་གྱིས་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་ནོན་པ་རྣམས་སུ་འགྱུར་བ་དང་། ཡིད་ལ་བྱེད་པ་རྣམས་སངས་རྒྱས་ཀྱིས་ཆོས་རྣམས་ལ་བཞོག