| e-texts navigator |
| Wylie |
125b1 པ་ལྟ་བུ་རྣམས་སུ་འགྱུར་བ་དང་། བྱ་ལྟར་གང་དུ་གནས་འདོད་པར་འགྲོ་བས་ཡོངས་སུ་འཛིན་པ་མ་མཆིས་པ་རྣམས་སུ་འགྱུར་བ་དང་། རིགས་ངན་གཞོན་ནུ་ལྟ་བུར་ང་རྒྱལ་བ་ལྟ
125b2 བུ་འགྱུར་བ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོ་བརྡལ་དང་། ཡུལ་འཁོར་དང་། ཕྲོ་བྲང་འཁོར་ལ་མངོན་པར་དགའ་བར་མི་བསྐྱེད་པ་དང་། རི་དགས་དང་། སྤྲེའུ་དང་མཚུད
125b3 པས་དགོན་པ་ལ་མངོན་པར་དགའ་བ་རྣམས་སུ་འགྱུར་བ་དང་། ཁྱིམ་པ་དང་རབ་ཏུ་འབྱུང་བ་རྣམ་སྣ་དང་ལྷན་ཅིག་ཏུ་མ་ཏེན་པས་མ་འདྲེས་པ་རྣམས་སུ་འགྱུར་བ་དང་། འཁོར་བ
125b4 མང་པོ་སྡུད་པ་མང་པའོ་སྟོན་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱིས་མི་སྐྱེད་པ་རྣམས་སུ་འགྱུར་བ་དང་། བདུད་ཐམས་ཅད་ཀྱིས་བརྟུལ་བཀའ་བ་རྣམས་སུ་འགྱུར་བ
125b5 དང་། ཆོས་ཐམས་ཅད་དུ་ངེས་པས་ཤེས་པས་སོ་སོ་ཡང་དག་པར་རི་པ་ཐོབ་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱིས་ཆོས་ཐམས་ཅད་ལ་གཞན་ལ་དྲིན་མི་འཇོགས་པ་རྣམས
125b6 སུ་འགྱུར་བ་དང་། བྱམས་པ་ཆེན་པོ་རབ་ཏུ་མ་གཡོ་བས་ཟིལ་གྱིས་གནན་པར་དཀའ་ཞིང་། བསམ་གཏན་རྣམས་སུ་འགྱུར་བ་དང་། དམིགས་སུ་མེད་པ་ལ་སྤྱོད་ཅིང་བརྗོད་དུ་མེད
125b7 པའི་སྤྱོད་ཡུལ་དང་ལྡན་པས་ལྷག་པའི་བསམ་པ་ཟབ་པ་རྣམས་སུ་འགྱུར་བ་དང་། ཆོས་ཀྱིས་ཤུགས་ཀྱིས་དགའ་བས་བག་ཡོད་པ་མང་ཞིང་བྱམས་པའི་ལྷག་པའི་བསམ་རྣམ
125b8 སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་གྱིས་ལས་བགྱིད་པས་ལྷག་པའི་བསམ་བ་རྒྱ་ཆེ་བ་རྣམས་སུ་འགྱུར་བ་དང་། དགེ་བའི་རྩ་བ་སྣ