e-texts navigator
Collection
Volume
Page
Wylie

125a1 སྐྱེ་མཆེད་པ་ཐམས་ཅད་ཀྱིས་ཡོངས་སུ་མི་འཛིན་པར་རྣམས་སུ་འགྱུར་བ་དང་། རྒྱུའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། གྱེན་གྱིས་སྟོབས་ཅན་རྣམས
125a2 སུ་འགྱུར་བ་དང་། བསམ་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། སྦྱོར་བའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། དབང་པོའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། དམིགས
125a3 པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། རྟག་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། ཞི་གནས་ཀྱིས་སྟོབས་ཅན་རྣམས་སུ་འགྱུར་བ་དང་། རྣམ་པར་ལྟ་བའི་ཆོས་ཅན
125a4 རྣམས་སུ་འགྱུར་བ་དང་། མོས་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། སྨོན་ལམ་གྱི་སྟོབ་ཅན་མི་ཟད་པ་རྣམས་སུ་ཡོངས་འགྱུར་བ་དང་། བསམ་པ་ཡོངས་སུ་མི་ཟད་པ
125a5 རྣམས་སུ་འགྱུར་བ་དང་། ཐོས་པ་བརྒྱ་མཚོ་དང་འདྲ་བས་བརྒྱ་མཚོ་ཆུ་གཏེར་ལྟ་བུ་རྣམས་སུ་འགྱུར་བ་དང་། དཀར་པོའི་ཆོས་ཡོངས་སུ་རྫོགས་པས་ཟླ་བ་ལྟ་བུ་རྣམས་སུ
125a6 འགྱུར་བ་དང་། མི་ཤེས་པའི་མུན་པས་སྩལ་པས་ཉི་མ་ལྟ་བུ་རྣམས་སུ་འགྱུར་བ་དང་། སྣང་བ་མེད་པས་མར་མེ་ལྟ་བུ་རྣམས་སུ་འགྱུར་བ་དང་། ཤིན་ཏུ་མི་གོས་པས
125a7 སྣང་བ་ལྟ་བུ་རྣམས་སུ་འགྱུར་བ་དང་། སེམས་ཅན་མཁའ་དང་མཚུངས་པས་མི་གནས་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ངེས་པར་རྟོགས་པས་རྡོ་རྗེ་ལྟ་བུ་རྣམས་སུ
125a8 འགྱུར་བ་དང་། མཐུས་བསྟན་པས་རི་ལྟ་བུ་རྣམས་སུ་འགྱུར་བ་དང་། ཤིན་ཏུ་རབ་ཏུ་གནས་པས་སྒོ་གཏན་ལྟ་བུ་རྣམས་སུ་འགྱུར་བ་དང་། སེམས་ལས་སུ་རུང་བས་བྱི་ལའི་རྒྱལ




iiif viewer powered by OpenSeadragon

124b - 125b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo