| e-texts navigator |
| Wylie |
124b1 བ་དང་། རིག་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། དྲན་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བློ་གྲོས་དང་ལྡན་པ་རྣམསུ་འགྱུར་བ་དང་། དཔལ་དང་ལྡན་པ་རྣམས་སུ་འགྱུར་བ
124b2 དང་བརྟེན་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། རྫུ་འཕྲུལ་དང་ལྡན་པ་རྣམསུ་འགྱུར་བ་དང་། ཤེས་རབ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བསོད་ནམས་དང་ལྡན་པ་རྣམས
124b3 སུ་འགྱུར་བ་དང་། ཁྲེལ་ཆེ་ཞིང་ངོ་ཚ་ཤེས་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ང་རྒྱལ་སྤངས་པ་རྣམས་སུ་འགྱུར་བ་དང་། བྱམས་པ་ལ་གནས་པ་རྣམས་སུ་འགྱུར་བ་དང་།
124b4 ཡེ་ཤེས་ལ་གནས་པ་རྣམས་སུ་འགྱུར་བ་དང་། བློ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བརྩོན་འགྲུས་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ལྷག་མཐོང་རྗེས་སུ་འགྲོ་བ་རྣམས་སུ
124b5 འགྱུར་བ་དང་། མ་ཞུམ་པ་རྣམས་སུ་འགྱུར་བ་དང་། དོན་གྱིས་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཞི་གནས་ཀྱིས་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ལྷག་མཐོང་གིས
124b6 རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། བསམ་ཏན་གྱིས་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཏིང་ངེ་འཛིན་གྱིས་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཤེས་རབ་ཀྱིས
124b7 རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པའི་ཆོས་རྣམས་ཀྱིས་མི་སྐྲག་མི་ད་ངང་དངང་པར་མི་འགྱུར་བ་དང་། གཡངས་ས་ཆེན་པོ
124b8 ལྷུང་བའི་སྟེང་དུ་ཆོས་རབ་ཏུ་འཛིན་པ་དང་། ཆོས་སྨྲ་བ་ཆེན་པོ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཞིང་གང་དུ་སྐྱེ་བར་འགྱུར་གྱིས་སྨོན་པ་དེ་དང་དེར་སྐྱེ་བ་དང་། མུ་སྟེགས་ཅན་གྱིས