e-texts navigator
Collection
Volume
Page
Wylie

124a1 ལྡན་འདས་ཀྱིས་བདག་སྐབས་ཕྱེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག
124a2 ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཟང་སྐྱོང་དེ་བཞིན་གཤེགས་པ་དགྲ་བཅོམ
124a3 པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་ཅི་འདོད་པ་དྲི་ཤིག་པ་ལུང་བསྟན་པའི་སླད་དུ་ཉིད་ཀྱིས་ངས་ཁྱོད་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ
124a4 སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན
124a5 གང་ལ་གནས་ན་ཐོས་པ་བརྒྱ་མཚོ་འདྲ་བ་དང་། ཐོས་པ་ཙགས་པ་འདྲ་བ་རྣམསུ་འགྱུར་བ་དང་། ནེམ་ནུར་མ་མཆིས་དང་། ཡིད་གཉིས་མ་མཆིས་པ་རྣམས་སུ་འགྱུར་བ་དང་། བླ་ན
124a6 མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ཉམས་ཡོངས་སུ་མི་ཉམས་པ་རྣམས་སུ་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་མི་སྐྱེ་བ་དང་། སྐྱེ་བ་དྲན་པ་རྣམས་སུ་འགྱུར
124a7 བ་དང་། ཆུང་ངུ་ན་རྨི་ལམ་དུ་ཡང་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བ་རྣམས་སུ་འགྱུར་བ་དང་། གཟུགས་བཟང་ཞིང་མཛེས་པ་ལ། བསྟན་སྡུག་པ། མདོག་རྒྱས
124a8 པ། མཆོག་ཏུ་བཟང་བ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། རིགས་མཐོ་བ་དང་། རིགས་ཆེ་བ་རྣམས་སུ་འགྱུར་བ་དང་། འཁོར་མང་ཞིང་འཁོར་མ་ཕྱེད་པ་རྣམས་སུ་འགྱུར




iiif viewer powered by OpenSeadragon

123b - 124b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo