e-texts navigator
Collection
Volume
Page
Wylie

123b1 མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། གསྙེན་དགའ་བོ་དང་། ཀླུ་བྱེ་བ་ཁྲག་ཁྲིག
123b2 བརྒྱ་སྟོང་ཕྲག་དུ་མ་དང་། ལྷན་ཅིག་ཀླུའི་རྒྱལ་པོ་མ་གྲོས་པ་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཀླུའི་རྒྱལ་པོ་གཟིར་ཅན་དང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ
123b3 མ་དང་ལྷན་ཅིག་ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་ཡང་། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ན་བ་དེར་དོང་སྟེ་ལྷག་ནས། བཅོམ་ལྡན་འདས་ཀྱིས
123b4 ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པ་དང་། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ་མངོན་པར་མཛད་དོ།།
123b5 ཡང་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱིས་ཁམས་བདི་ནས་སྟེང་དུ་ཚངས་པའི་འཇིག་རྟེན་མན་ཆད་ཆུང་ངུ་ན་ཁར་བའི་རྩེ་མོ་ཟག་པའི་ས་ཚོན་ཙམ་ཡང་དབང་ཆེ་བ། དབང
123b6 ཆེ་བར་གྲགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་ཕྱེད་ཆེན་པོ་རྣམས་ཀྱིས་མ་གང་བ་ཡང་མེད་པར་གྱུར
123b7 ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་བསྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ
123b8 ལྡན་འདས་ཀྱིས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་གལ་ཏེ་ཞུགས་ན་ཞུ་བ་ལུང་བསྟན་པའི་སླད་དུ། བརྩེ




iiif viewer powered by OpenSeadragon

123a - 124a

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo