e-texts navigator
Collection
Volume
Page
Wylie

123a1 ད་ཀ་ག་ན་བ་དང་། བཅོམ་ལྡན་འདས་ག་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ
123a2 ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ།། རྒྱལ་པོ་བཞི་དང་། ལྷ་རྣམས་ཀྱིས།
123a3 དབང་པོ་བརྒྱ་བྱིན་དང་། མི་འཆེད་ཀྱིས་བདག་པོ་ཚངས་པ་དང་། ལྷའི་བུ་དཔལ་བཟངས་ཀྱང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན
123a4 ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན
123a5 གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཕྱོགས་ཅིག་ཏུ་ཁོད་པ་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་ཡང་གནས་གཙང་མའི་རིགས་ཀྱིས་ལྷའི་བུ
123a6 སྟོང་ཕྲག་དུ་མའི་བསྐོར་ཅིང་མདུན་དུ་གངར་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། ལྷགས་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག
123a7 འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་ཅིག་ཏུ་འཁོད་པ་དང་། ལྷག་མ་ཡིན་གྱིས་དབང་པོ་བཞི
123a8 ཡང་ལྷ་མ་ཡིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྤགས་ནས། བཅོམས་ལྡན་འདས་ཀྱིས་ཞབས་ལ




iiif viewer powered by OpenSeadragon

122b - 123b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo