| e-texts navigator |
| Wylie |
121b1 ལྡན་འདས་ཀྱིས་སྤྱན་སྔར་ཕྱོགས་ཅིག་ཏུ་འཁོད་པ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་མཛད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཇི་ལྟ་བུས་རྫུ་འཕྲུལ
121b2 མངོན་པར་མཛད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་ཞེས་བྱ་བ། ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ལི
121b3 བྱི་གཞོན་ནུ་ཉི་ཁྲི་རྒྱ་སྟོང་གིས་བསྐོར་ཅིང་མདུན་དུ་བདར་ནས།། ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་གང་ན་བ་དང་། སྨིག་མའི་ཚལ་བྱ་ཀ་ལེན་ད་ཀ་ལེན་ད་ཀ་གནས
121b4 པ་ག་ལ་བ་དང་། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར
121b5 ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕུགས་སྦས་ཀྱང་གྲོང་ཁྱེར་ཆེན་པོ་ཙམ་པ་ཡ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་།
121b6 གིས་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་རྒྱལ་པོ་ཁབ་ཀྱི་གྲོང་ཁྱེར་པོར་གང་ན་བ་དང་། སྨིག་མའི་ཚལ་བྱ་ཀ་ལེན་ད་ཀ་གནས་པ་དང་། བཅོམ་ལྡན་འདས་ཀྱིས་ཞེས
121b7 ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཕྱོགས་ཅིག་ཏུ་ཁོད་པ་དང་། བྱང་ཆུབ་སེམས་དཔའ
121b8 སེམས་དཔའ་ཆེན་པོ་འདམ་བུས་ཀྱང་། གྲོང་ཁྱེར་ཆེན་པོ་འཁོར་མོ་འཇིག་ནས་བྱུང་སྟེ། སྲོག་ཆགས་ཉིད་ཁྲི་ལྔ་སྟོང་གིས་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན