e-texts navigator
Collection
Volume
Page
Wylie

121a1 བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཕྱོགས
121a2 ཅིག་ཏུ་འཁོད་དོ།། དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་བྱ་བ། མངོན་པར་མཛད་པ་དགེ་སློང་གང་དག་ལྗོངས་ཀྱིས་ཕྱོགས་སོ་སོ་ན་རྟེན
121a3 ཅིང་ཁོད་པ་དེ་དག་ཐམས་ཅད་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལེན་ད་ཀ་གནས་པ་ག་ན་བ་དང་། བཅོམ་ལྡན་འདས་ག་ལ
121a4 བ་དེར་དོང་དེ་ལྷགས་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས
121a5 ཀྱིས་སྤྱན་སྔར་ཕྱོགས་ཅིག་ཏུ་ཁོང་པ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ།། ཡང་དེའི་ཚེ་སྨིག་མའི་ཚལ་བྱ་ཀ་ལན་ཀ་གནས་པར། དགེ་སློང
121a6 འབུམ་ལྷན་ཅིག་འདུས་ཏེ་འཁོད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས། ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པས། སྐྱེས་དགུའི་བདག་མོ་ཆེན་མོ
121a7 གོའུ་ཏ་མ་ལ་སོགས་པ། དགེ་སློང་མ་སུམ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལེན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས
121a8 ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ




iiif viewer powered by OpenSeadragon

120b - 121b

Texts on this page

F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo