| e-texts navigator |
| Wylie |
120b1 གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ།། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ཞེས་བྱ་བ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར
120b2 ཆེན་པོ་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་ཐམས་ཅད་ཀྱང་ཁྱིམ་པར་གྱུར་ཅིང་བསླབ་ཚིག་ལྔ་ཡོངས་སུ་བཟུང་བ་ཤ་སྟག་དང་ལྷན་ཅིག་ཏུ་ཆོས་ཉན་པའི་ཕྱིར། བཅོམ
120b3 ལྡན་འདས་ཀྱིས་ཞམ་རིང་བྱེད་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ཕྱི་དྲོའི་དུས་ཀྱིས་ཚེ། ནང་དུ་ཡང་དག་འཇོག་པ་ལས་ལངས་ནས།
120b4 བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྔ་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་དུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ཕྱོག
120b5 གཅིག་ཏུ་འདུག་གོ།། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་པ་དེ་དག་ཀྱང་ཕྱི་དྲོའི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས།
120b6 བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ།
120b7 དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མེའུ་འགལ་གྱིས་བུ་ཆེན་པོ་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོར་དབྱར་གནས་ནས། དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་ཏུ། རིམས་ཀྱིས
120b8 ལྗོངས་སྤྱད་པ་སྤྱོད་ཅིང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་གང་ན་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ག་ན་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།