e-texts navigator
Collection
Volume
Page
Wylie

120a1 དག་ལྟ་བ་ཡང་དག་འཛིན།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། དགེ་བའི་ཆོས་རྣམས་འདི་དག་ནི།། དཀར་པོའི་ཆོས་ཀྱི་ལམ་བཅུ་སྟེ།། གང་དག་ཡང་དག
120a2 འཛིན་འགྱུར་བ།། སྐྱེ་བོ་དེ་དག་མཐོ་རིས་འགྲོ།། བྲམ་ཟེ་མྱ་ངན་འདས་པ་དང་།། དགྲ་དང་འཇིགས་པ་ཀུན་འདས་ཤིང་།། འཇིག་རྟེན་ཆགས་མེད་རྒལ་བ་ནི།། མང་པོ་ཡོད་པར་མ་མཐོང
120a3 ངོབཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དེའི་ཡི་ར་དེ་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ལྷའི་མདོ་ཉུང་ངུ་རྫོགས
120a4 སྒོ། @#རྒྱ་གར་སྐད་དུ། པྲད་ཏུད་པན་ན་བཱ་དྷ་སམ་མུ་ཁ་ཨ་པ་སྠི་ཏ་ས་མ་དྷི་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། ད་ལྟར་གྱི་སངས་རྒྱས་མངོན་དུ
120a5 བཞུགས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན
120a6 འདས་རྒྱལ་པོའི་ཁབ་ན་སྨིག་པའི་ཚལ། བྱ་ཀ་ལེན་ཏ་ཀ་གནས་པ་ན། དགེ་སློང་ལྔ་བརྒྱ་ཙམ་གྱིས་དགེ་སློང་གིས་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང
120a7 ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། བྱ་བ་བྱས་པ། བྱེད་པ་བྱེད་པ། ཁུར་བོར་བ། བདག་གིས་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོད
120a8 སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་ཕ་རོལ་སོན་པ། རྣམ་པར་ཐར་པ་བརྒྱད་ཐོབ་པ། ཤ་སྟག་སྟེ། གང་ཟག




iiif viewer powered by OpenSeadragon

119b - 120b

Texts on this page

F174 - lha'i mdo nyung ngu
F175 - 'phags pa da ltar gyi sangs rgyas mngon sum du bzhugs pa'i ting nge 'dzin zhes bya ba theg pa chen po'i mdo