| e-texts navigator |
| Wylie |
103b1 དེ་བཞིན་གཤེགས་པའི་ཐབས་མཁས་པར་ཤེས་པར་བྱ་སྟེ། ལས་ཀྱི་བྱ་བ་ཤིན་ཏུ་སྟོན་པའི་སེམས་ན་ལས་ཀྱི་རྣམ་པར་སྨིན་པ་ལ་མི་འཇུག་པའི་སེམས་ཅན་རྣམས་ལ་ཆེ་གེ་ཞིག་གི་ལས་ཀྱི་རྣམ་པར
103b2 སྨན་པ་ནི་འདིའོ།། ཞེས་དེ་བཞིན་གབྱེ་བ་ཐབས་མཁས་པས་ལས་རྒྱུད་བསྟན་ཏེ། དེ་ཐོས་ནས་ཕན་པར་བྱེད་པར་འགྱུར་རོ།། དེ་ལྟ་བས་ན་རིགས་ཀྱི་བུ་ཐབས་ཐབས་མཁས་པ་བསྟན་པ་འདི་གསད་པར་གྱིས་ཤིག། སེམས
103b3 ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་རྣམས་ཀྱི་མདུན་དུ་མ་འཆད་ཅིག། དེ་ཅིའི་ཕྱིར་ཞེ་ན། བསྟེན་པ་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཡང་མ་ཡིན་ན། སེམས་ཅན་དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ
103b4 རྣམས་ཀྱི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་བསླབས་པ་མ་ཡིན་པས། འདི་ནི་དེ་དག་ལ་མི་དགོངས་སོ།། བྱང་ཆུབ་སེམས་དཔའ་གང་དག་བསྟན་པ་འདི་ལ་སློབ་པར་འགྱུར་བ་མ་གཏོགས་པར
103b5 གཞན་ཐབས་མཁས་པ་འདིའི་གནོདང་དུ་འགྱུར་བ་གང་ཡང་མེད་དོ། འདི་ལྟ་སྟེ། རིགས་ཀྱི་བུ་མཚན་མོས་སྲོས་པའི་མུན་པར་མར་མེ་བུས་ན། ཁྱིམ་ན་སྨོད་ཐམས་ཅད་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ
103b6 སེམས་དཔའ་ཡང་ཐབས་ཁས་པ་བསྟན་པ་འདི་ཐོས་ཏེ། མོས་པར་གྱུར་ནས། སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་མཐོང་བར་འགྱུར་ཞིང་། སེམས་ཅན་དག་ལ་ཡང་སློབ་པར་འགྱུརརོ།། རིགས་ཀྱི
103b7 ཁྱོད་ལ་བསྒྲེའོ།། ཁོངས་སུ་ཆུད་པར་བྱའོ།། བྱང་ཆུབ་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ།། ཐབས་ཁས་པ་འདི་གང་ན་རྣར་གྲངས་པར་འགྱུར་ན། དཔག་ཚད་འདུམ་དུ་ཡང་འགྲོ་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བསྙེན
103b8 འདི་ཐོབ་པ་འགྱུར། སངས་རྒྱས་ཀྱི་ཚེ་ཐམས་ཅད་ལ་འགྱོད་པ་མེད་པ་འགྱུར། ཐེ་ཙོམ་དང་བྲལ་བར་འགྱུརརོ།། རྗེས་ལྷ་དང་འཇིག་རྟེན་དུ་བཅས་པའི་འཁོར་བཞི་ལས། སེམས་ཅན་གང་དག་སྣོད་དུ་གྱུར་པ། དེ་དག་གི་ནི་ཆོས་ཀྱི་རྣམ་གྲངས