e-texts navigator
Collection
Volume
Page
Wylie

102b1 ཅིའི་ཕྱིར་བྲམ་ཟེ་བ་ར་དྷ་ཛས་མཾ་སྙན་པར་དེ་བཞིན་གཤེགས་པ་ལ་མི་སྙན་པ་ལྔ་བརྒྱད་སྦས་པ། དེ་བཞིན་གཤེགས་པ་ཡང་བཟོད་པར་མཛད་ཅེ་ན། དེ་བཞིན་གཤེགས་པ
102b2 ནི་བྲམ་ཟེ་བར་མི་སྙན་པར་སྨྲ་བ་ཕྱོགས་གཞན་དུ་འཕང་བ་འམ། ངག་གི་ལས་གཅིག་མི་འབྱུང་བར་ཡང་ནུས་མོད་ཀྱི། འཁོར་དེའི་ནང་ན་ལྷ་དང་མི་མང་པོ་ཚོགས་པར་གྱུར
102b3 བས། དེ་དག་གིས་དེ་བཞིན་གཤེགས་པ་མ་ཁེངས་མ་བདུད་ཅིང་སེམས་མཉམ་པ་བདེ་བའི་དངོས་དང་ལྡན་པ་སེམས་བསྟེན་པ། སེམས་མཉོན་པ་ངེས་པར་མཐོང་ནས། སྲོག
102b4 ཆགས་བཞི་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་པར་གྱུར་ཏེ། དོན་གཟིགས་ནས་དེ་བཞིན་གཤེགས་པས་བྲམ་ཟེ་བ་ར་དྷྭ་ཛས་མི་སྙན་པར་སྨྲ
102b5 བ་གཏང་སྙོམས་སུ་གཞག་གི། དེ་བཞིན་གཤེགས་པ་ལ་ག་ན་ཡང་ལས་ཀྱི་སྒྲིབ་པ་མེད་དེ། དེ་ཡང་དེ་བཞིན་གཤེགས་པའི་ཐབས་མཁས་པ་ཡིན་གྱི། ལས་ཀྱི་སྒྲིབ་པ་མ་ཡིན
102b6 ནོ།། གང་ཡང་ལྷས་སྦྱིན་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འབྲང་བར་འགྱུར་བ་དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ཡིན་ནོ།།
102b7 དེ་ཅིའི་ཕྱིར་ཞེ་ན། ངས་ནི་ལྔས་སྦྱིན་ལ་གནས་ཏེ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིང་། སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ།། ནམ་གྲངས་གང་གིས་ཞེ
102b8 ན། རིགས་ཀྱི་བུ་འདི་ལ་གང་གི་ཚེ། སེམས་ཅན་དག་བདེ་བ་དང་ལྡན་པར་བྱས་པ་དེའི་ཚེ་སྦྱིན་པར་ཡང་མི་ཤེས། ལེན་པར་ཡང་མི་ཤེས་ནས་ལྷས་སྦྱིན་བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

102a - 103a

Texts on this page

F170 - 'phags pa thabs mkhas pa zhes bya ba theg pa chen po'i mdo