e-texts navigator
Collection
Volume
Page
Wylie

350a1 པར་བྱེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྐུ་ལས་འདི་ལྟ་བུའི་འོད་རབ་ཏུ་བཏང་བས་འོད་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས
350a2 ཅད་རྒྱས་པར་གང་བར་གྱུར་ཏོ།། ཆོས་ཀྱི་རྣམ་གྲངས་འདིའི་ཐོག་མ་དང་བར་མ་དང་ཐ་མ་བཤད་པ་ན། སེམས་དཔག་ཏུ་མེད་གྲངས་མེད་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད།།
350a3 སེམས་ཅན་དཔག་ཏུ་མེད་པ་དག་ནི་བཟོད་པ་ཐོབ་པར་གྱུར་ཏོ།། སེམས་ཅན་ལ་ལ་དག་ནི་སེམས་རྣམ་པར་གྲོལ་ལོ།། ལ་ལ་དག་ནི་ཆོས་ཀྱི་མིག་རྣམ་པར་དག
350a4 གོ། ལ་ལ་ངག་ནི་འདོད་ཆགས་དང་བྲལ་བ་ཉིད་དོ།། ལ་ལ་ནག་ནི་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཡོངསུ་བཟུང་བར་གྱུར་ཏེ། སངས་རྒྱས་གཞན་དག་ལ་ཡང་བལྟ་བའི
350a5 ཕྱིར་རྒྱུ་བསགས་པར་ཡང་གྱུར་ཏོ།། དེ་དག་ཐམས་ཅད་ལ་ཡང་བཅོམ་ལྡན་འདས་རྗེསུ་ཐུགས་ར་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ནས། བྱང་ཆུབ་སེམས
350a6 དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན
350a7 དཔལ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱལ་པོའི་འོད་དང་། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པ་དང་། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་བ་དང་།
350a8 བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་དང་། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ཚེ་དང་ལྡན་པ་འང་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། མི་མཇེད་ཀྱི་བདག




iiif viewer powered by OpenSeadragon

349b - 350b

Texts on this page

F159 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo