e-texts navigator
Collection
Volume
Page
Wylie

349b1 གང་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པར་མི་བགྱིད་པ་དེ་དག་ནི། བདུད་ཀྱིས་བྱིན་གྱིས་རླབས་པ་ལགས་སོ།། བཅོམ་ལྡན་འདས་གང་དག་དམ་པའི་ཆོས་ཡོད
349b2 སུ་འཛིན་པ་དང་བྲལ་བའི་དགེ་བའི་རྩ་བ་གཞན་ཐམས་ཅད་ནི་བདག་ལ་ཡུངས་འབྲུ་ཙམ་དུ་འངའོ།། དམ་པའི་ཆོས་ཡོངས་སུ་འཛིན་པའི་དགེ་བའི་རྩ་བ་ནི་ཕྱོགས་བཅུའི་རྣམས
349b3 མཁའི་ཁམས་ཇི་ལྟ་བ་བཞིན་དུ་བདག་འདུ་ཤེས་གནས་པར་འགྱུར་ཏོ།། བཅོམ་ལྡན་འདས་འདི་ལྟར་བདག་སེམས་ཅན་ཐམས་ཅད་ལ་འཚལ་བའི་སླད་དུ་ལུས་དང་སྲོག་ཀྱང་བོར
349b4 ཏོ།། བདེ་བ་ཐམས་ཅད་མི་འཆལ་བར་དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ་གེ་ཆ་འགོ་བར་བགྱིའོ།། ཆོས་ཀྱི་རྣམས་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ
349b5 ནམ་མཁའ་མཛོད་ཀྱིས་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛད
349b6 དང་།། བློ་མཉམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱ་བའི་ཕྱིར། ནམ་མཁའི་དཀྱིལ་ནས་མེ་ཏོག་གི་ཆར་མངོན་པར་རབ་ཏུ་ཕབ
349b7 གོ།། བར་སྣང་ལས་ཀྱང་སྒྲ་འདི་སྐད་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་བསྡུས་པའི་ལེའུ་འདི་རྒྱན་ཏེ། ཡོངས་སུ་བཟུང་བའི་བར་དུ
349b8 སངས་རྒྱས་ཀྱི་བྱ་བ་བྱསོ།། བྱང་ཆུབ་ཀྱི་སེམས་དང་བྲལ་བའི་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲང་འཛིན་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་དུ་དམ་པའི་ཆོས་བརྒྱན




iiif viewer powered by OpenSeadragon

349a - 350a

Texts on this page

F159 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo