| e-texts navigator |
| Wylie |
349a1 ཤེས་ཡིད་འོང་མཆོད་པ་བས།། གང་ཞིག་སངས་རྒྱས་བྱས་པ་བཟོ་བ་དང་།། དཀོན་མཆོག་གསུམ་ནི་རྗེསུ་གཟུང་བ་དང་།། ཆོས་འདི་ལ་ནི་སེམས་ཅན
349a2 གཟུང་བའི་ཕྱིར།། དམ་ཆོས་འཛིན་པ་དེ་ནི་ཆོས་མཆོག་གོ།། ཇི་ལྟར་མགོན་པོ་རྣམས་ཀྱི་ཆོས་འཛིན་ལྟར།། སེམས་ཅན་གང་ངས་སངས་རྒྱས་སྤྱན་གྱིས་གཟིགས།། དེ
349a3 དག་གང་གིས་བརྒྱ་བྱིན་ཚངས་པར་བཀོད།། དེའི་བསོད་ནམས་དེ་སྙེད་མི་འཕེལ་ལོ།། དེའི་བསོད་ནམས་དེ་སེམས་ཅན་དེ་ཀུན་དགྲ་བཅོམ་བཀོད་པ་དང་།། རང་རྒྱལ་ཐེག
349a4 པར་རབ་ཏུ་བཀོད་པ་བས།། གང་ཞིག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། དམ་ཆོས་འཛིན་པ་དེ་ནི་ཁྱད་པར་འཕགས།། གལ་ཏེ་བསོད་ནམས་དེ་ལ་གཟུགས་ཡོད
349a5 ན།། ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་གང་བར་འགྱུར།། སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར།། བསོད་ནམས་དེའི་བསྣོད་ནི་ཡོད་མ་ཡིན།། ཇི་ལྟར་སྐལ་པ
349a6 བྱེ་བ་སྟོང་བརྗོད་ཀྱང་།། སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར།། དེ་བཞིན་གཤེགས་ཀྱི་དམ་ཆོས་འཛིན་པ་ཡིས།། བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ།།
349a7 དེ་ནས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པས།། བཅོམ་ལྡན་འདས་ལས་དམ་པའི་ཆོས་ཡོངས་སུ་འཛིན་པའི།། བསོད་ནམས་འདི་བཤད་པ་ཐོས་ནས།། ཚམ
349a8 ཞིང་མགུ་ལ་ཡིད་རངས་ཏེ།། རབ་ཏུ་དགའ་ནས། དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ