| e-texts navigator |
| Wylie |
348b1 དེ་ནས་བཅོམ་ལྡན་འདས་ཀྱིས་སླར་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་རྒྱན་པ་ལ་ཚིགས་སུ་བཅད་པ་འདི་དག་གསུང་སོ།། ཕྱོགས་བཅུ་རྒྱ་ཆེན་དཔག་ཏུ་མེད་པ་ནི།
348b2 ཞིང་རྣམས་སངས་རྒྱས་སྤྱན་གྱིས་གང་གཟིགས་པ།། དེ་དག་ཐམས་ཅད་རིན་ཆེན་རབ་བཀང་སྟེ།། བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་པ་བས།། གང་གིས་སངས་རྒྱས
348b3 མང་པོས་བཤད་པའི།། མདོ་སྡེ་འདི་འདྲ་བར་བཟང་མ་གོས་པ། འཆང་ངམ། ཀློག་གམ་གཞན་ལ་སྟེན་བྱེད་པ། དེའི་བསོད་ནམས་དེ་ནི་ཆེས་མཆོག་གོ། མེ་ཏོག་དྲི
348b4 ཞིམ་བྱུག་པ་གདུགས་རྣམས་དང་། བ་དན་རྒྱལ་མཚན་ལྔ་ལྡིགས་རྣམས་ཀྱིས། ཞིང་དེ་ཐམས་ཅད་ཡོངས་སུ་གང་བྱས་ནས། བྱང་ཆུབ་སེམས་དཔའ་སངས་རྒྱས་མཆོད
348b5 བ་བས། བདེ་གཤེགས་བསྟན་པ་དམ་ཆོས་རབ་འཇིག་ཅིང་། འགག་པའི་ཆེ་ན་གང་ཞིག་བག་ཡོད་པར་དམ་པའི་ཡོ་སུ་འཛིན་བྱེད་པ།། དེའི་བསོད་ནམས་དེ་ནི་ཆེས
348b6 མཆོག། ཕྱོགས་བཅུ་དག་ན་རྒྱ་མཚོ་གང་ཡོད་པ། དེ་དག་འབྲུ་མར་དྲི་ཞིམ་པར་བཀང་སྟེ། སྙིང་པོ་རི་རབ་ཚད་ཙམ་བྱས་ནས་སུ། རྒྱལ་བའི་མཆོད་རྟེན་མེ་མར་བུས་པ
348b7 བས།། གང་གིས་ཆོས་སྒྲོན་འདི་ནི་རབ་འཇིག་ཆེ།། འཇིག་རྟེན་འདི་དག་མུན་པས་བསྒྲིབས་ཤེས་ན། རྒྱལ་བས་གསུང་བའི་ཆོས་སྒྲོན་འཛིན་བྱེད་པ།། དེའི་བསོད་ནམས
348b8 དེ་ནི་ཆེས་མཆོག་གོ།། སངས་རྒྱས་ཀྱི་ནི་བྱང་ཆུབ་མཆོག་ཚོལ་ཞིང་།། ཞིང་རྣམས་བྱེ་མར་འདྲེན་པ་གང་མཐོང་བ།། དེ་དག་ལ་ནི་བསྐལ་པ་བྱེ་མར་དུ། ལྷ་རྫས་འདུ