e-texts navigator
Collection
Volume
Page
Wylie

348a1 ལྟ་བུའི་མདོ་སྡེ་དེ་བཞིན་གཤེགས་པས།། གསུངས་པ་ཟབ་མོ་ཟབ་མོར་སྣང་བ་རྒྱུན་ཆད་པ། ངེས་པའི་དོན་མཐོང་བ་དགའ་བ། རྟོགས་པར་དཀའ
348a2 བ། དོན་དམ་པ་སྟོང་པ་ཉིད་དང་ལྡན་པའི་ཚུལ་ཁྲིམས་ཀྱི་རྒྱན་གྱིས་རྒྱས་པ་དྲན་པ་དང་། ཏིང་འཛིན་དང་། ངེས་པར་རྟོག་པ་དང་། ཡིད་རང་བ་དག་པར་བྱེད་པ་ཤེས་རབ་ཀྱི་སྣང
348a3 བར་བྱེད་པ། རྣམ་པར་བྱེད་པ། རྣམ་པར་གྲོལ་བ་ངེས་པར་སྟོན་པ། ཞི་བ་མ་གོས་པ་མཁས་ཤིང་རྟོགས་པ་རྣམས་ཀྱིས་རིག་པར་བྱ་བ། སངས་རྒྱས་ཐམས་ཅད་ཀྱིས་སྟོང
348a4 ཅིང་སྔགས་པ། གཟུངས་དང་མདོ་སྡེའི་རྒྱལ་པོ་ཕྱག་རྒྱས་བཏབ་པ། ཐོགས་པ་མེད་པའི་སློབ་པ་འཛིན་པ། དྲན་པ་དང་། བློ་གྲོས་དང་རྟོགས་པ་དང་། མོས་པ་རྣམས་འཕེལ
348a5 བ། བདུད་དང་ཕྱིར་རྒོལ་བ་རྣམས་བཅོམ་པ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་ཀྱིས་མི་རྣོན་པ། ཚུལ་ཁྲིམས་འཆལ་བ་རྣམས་སྤ་གོང་བ། སྤང་བའི་ཡོན་ཏན་སྦྱངས་པ
348a6 དང་། སྡོམ་པ་དང་སྡོམ་པ་ཚར་བྱིན་པ་རྟོང་པའི་ཡོན་ཏན་གྱི་ཆོས་ལ་རབ་ཏུ་གནས་པ། ཡོན་ཏན་གྱི་ཆོས་མཐ་ཡས་པ་ལས་ངེས་པར་བྱུང་བ་སངས་རྒྱས་ཐ~ཾད་ཀྱི་ཆོས
348a7 དང་ཡེ་ཤེས་འདི་འཛིན་ཏམ། ལེན་ཏམ་འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟན་ཏེ། ཡི་གེར་འགྲི་བ་འམ། ཡི་གེར
348a8 འདྲིར་འཇུག་གམ་ཚིག་ཏུ་དོན་ཏམ། སེམས་སཔ་རྟོག་གམ། ཚུལ་བཞིན་ངེས་པར་སེམས་སམ། ནན་ཏན་ལ་གནས་པ་དེ་དག་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར།




iiif viewer powered by OpenSeadragon

347b - 348b

Texts on this page

F159 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo