e-texts navigator
Collection
Volume
Page
Wylie

347b1 ཞེ་ན། འདི་ལྟ་སྟེ། བདུད་དང་། ཉོན་མོངས་པ་ཐམས་ཅད་ཚར་བཅད་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཟིལ་ཀྱིས་གནན་པ་དང་། སེམས་ཅན
347b2 ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་སྟེ། བྱམས་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལས་སོ།། བཞི་པོ་དེ་དག་ཀྱང་ལས་གཅིག
347b3 གིས་ཡོངས་སུ་བསྡུས་སོ།། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ད་མི་རློས་ལ་ཡོངས་སུ་འཛིན་པའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གནས་རྟེན་འོད་སྲུང་ཆེན་པོ་དང་། ཆེ་དང
347b4 ལྡན་པ་ཀུན་དཀའ་བ་ལ་བཀའ་སྩལ་པ། འོད་སྲུང་དང་ཀུན་དགའ་བོ་ཇི་ཙམ་དུ་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། གཞན་དག་ཀྱང་རྒྱ་ཆེར་ཡང་དག་པར་རབ
347b5 ཏུ་བསྟན་པར་བྱ་བའི་ཕྱིར་བླ་ན་མེད་པ་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་གཏད་དོ།། འོད་སྲུང་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་བདག་ཅག་གི་མཐུ
347b6 དང་། སྟོབས་དང་། ནུས་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་ཡོངས་སུ་གཟུང་བར་བགྱིའོ།། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས
347b7 ཀྱི་རྣམ་གྲང་འདི་དག་གི་བཟུང་ལགས་ཏེ། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་བདག་གིས་ཡངས་ཤིང་རྒྱས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང
347b8 ཆུབ་སེམས་དཔའ་སེམས་དབའ་ཆེན་པོ་བསོད་ནམས་ཀྱིས་བརྒྱན་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་འདི




iiif viewer powered by OpenSeadragon

347a - 348a

Texts on this page

F159 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo