e-texts navigator
Collection
Volume
Page
Wylie

347a1 མཆིས་ཏེ། འདི་ལྟ་བུའི་མདོ་སྡེ་དག་ཀུན་ཏུ་སྲུང་བ་དང་། ཡོངསུ་གཟུང་བ་དང་། ཡུན་རིང་དུ་གནས་པར་བགྱི་བའི་སདུ་ནན་ཏན་དུ
347a2 བགྱིའོ།། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། འདི་ལྟ་བུའི་མདོ་སྡེ་རྣམས་སུའི་རྣ་བར་གྲག་པར་འགྱུར་བ་དང་། ཐོས་ནས་འཛིན་པ་དང་། འཆང་བ
347a3 དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིང་། བདག་ཉིད་ཀྱང་སྦྱོར་བར་བགྱིད་པ་དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པའི
347a4 བྱིན་གྱིས་རླབས་སུ་རིག་པར་བགྱིའོ།། བཅོམ་ལྡན་འདས་དེའི་ཚེ། བདུད་ཀྱི་ཕྱོགས་ཀྱང་གཡོས་པར་འགྱུར་ཏེ། འོན་ཀྱང་དགེ་བའི་རྩ་བ་གང་གིས་བདགི་སྤུའི་ཁོང་བུ
347a5 རེ་རེ་གྲུབ་པ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བདུད་སྡིག་ཅན་དུ་གྱུར་ཀྱང་། དེ་དག་གི་སྤུའི་ཁུང་བུ་གཅིག་གིས
347a6 ཡོངས་སུ་བཟུང་བའི་དགེ་བའི་རྩ་བའི་ཆར་ཡང་ཉེ་བར་མི་འཆི་བ་ནས་དཔེའི་བར་དུ་ཡང་ཉེ་མི་འཆིའོ།། བཅོམ་ལྡན་འདས་བདག་གིས་བསོད་ནམས་ཀྱི་སྟོབས་དང་། ཡེ
347a7 ཤེས་ཀྱི་སྟོབས་ཀྱིས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་ཕམ་པར་བགྱིས་ལ། དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་གྲངས་མ་མཆིས་པར་དག་པར་བསྒྲུབས་པའི་བྱང
347a8 ཆུབ་འདི་བསྲུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ལེག་སོ་ལེག་སོ།། བྱམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལས་ཏེ། བཞི་གང




iiif viewer powered by OpenSeadragon

346b - 347b

Texts on this page

F159 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo