| e-texts navigator |
| Wylie |
346a1 འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་སྡུད་ཅིང་། མདོ་སྡེ་འདི་ཛིན་པ་དང་། འཆང་བ་དང་། འཆད་པ་དང་། ཐ་ན་གླེགས་བམ་ལ་བྲིས་ཏེ། འཆང་བ་དེ་དག
346a2 དགོན་པར་མཆིས་སམ། གྲོང་དང་། གྲོང་ཁྱེར་རམ། གྲོང་རྡལ་དུ་མ་མཆིས་སམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་འཁོར་དུ་མཆིས་ཀྱང་། དུང་། ཆོས་ཀྱི་གཏམ་བགྱིད
346a3 ཀྱང་རུང་སྟེ། ཆོས་ཀྱི་རྣམས་གྲངས་འདི། རྒྱ་ཆེར་འཆང་ན་རྩ་བར་བགྱིའོ།། སྲུང་བ་དང་། སྒྲུབ་པ་དང་། སྦ་བར་བགྱིའོ།། དེ་དག་དེ་དག་ལ་སྤྲོ་བ་བསྩལ་བར་བགྱིའོ།། སྟོམ
346a4 ཡོངས་སུ་རྫོགས་པར་བགྱིའོ།། དྲན་པ་སྒྲུབ་པར་བགྱིའོ།། བློ་གློས་ཡོངས་སུ་གཟུང་བར་བགྱིའོ།། རྟོགས་པའི་རྗེས་སུ་འཇུག་པར་བགྱིའོ།། སྤོབས་པ་སྐྲག་པར་བགྱིའོ།།
346a5 མ་དད་པ་རྣམས་དད་པར་བགྱིའོ།། དད་པ་རྣམས་སྒུལ་བར་བགྱིའོ།། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་བདག་ཅག་གིས་ཡོངས་སུ་གཟུང་སྟེ།
346a6 རྒྱ་ཆེར་འགྱུར་བ་དེ་ལྟར་བགྱིའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་ལེགས།
346a7 ཚངས་པ་དམ་པའི་ཆོས་ཡོངས་སུ་བཟུང་བས་དེ་བཞིན་གཤེགས་པ་ཁྱོད་ལ་རྗེས་སུ་ཡི་རང་ངོ་།། ཇི་ལྟར་ངས་ད་ལྟར་སྐོར་བ་བཞིན་དུ། ཚངས་པ་ཁྱོད་ཀྱང་རིང་པོར་མ
346a8 ཐགས་པར་ཆོས་ཀྱི་འཆར་ལ་རབ་ཏུ་སྦར་བར་འགྱུརརོ།། ཇིཐར་ཁྱོད་ཀྱིས་དལྟར་བའི་དམ་པ་མ་ཆོས་ཡོངསུ་གཟུང་བ་དེ་བཞིན་དུ་ཚངས་སུ་གཞན་དག་ཀྱང་ཁྱོད་ཙང་བ