e-texts navigator
Collection
Volume
Page
Wylie

344b1 \ུ0f7f། ཨརྠཿ། བྷྱཿ། སན་ངས་མེ། བམ་པ་ཏི། ས་པར་ཤི། ཨ་ཤེརྦ་དྷ། 9ཧེ། ཁུ་རུ་ཁུ་རེ་ཨ་ན་ཏི་གྲ་མེ། དེ་བར་ཀ་ས། ཧི་ཏེ་མ་ཧཱ་པ། རྒྱས་བྲ་ནེས།
344b2 དུ། ཤཤ་ཀྲྀ་དེ་དྷན་བྱིན་ཏྲ། ད་ཤ་ཤ་ཏ་ན་ཡ་ན་པར་མ་ཀུ་ཏེ་དྷ་ར། མི་གོ་རོམ་མ་རུང་ཐ་བན་ནི།། བྷ་སི། རིགས་ཀྱི་བུ་འདི་དག་ནི། ལྷའི་ད་བ་པཤཱཎྜ་བྱིན་དགུག་པའི་ཚིག
344b3 སྟེ། དགུག་པའི་ཚིག་གང་གིས། ལྷའི་དབང་པོ་བརྒྱ་བྱིན་བཀུས་ནས། ཆོས་ཀྱི་རྣམས་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གནས་པའོ།། དེ་ནས་ལྷའི་དབང་པོ
344b4 བརྒྱ་བྱིན་ཆོས་ཀྱི་ཤུགས་ཀྱིས་དགའ་བ་སྐྱེས་ན་སུམ་ཅུ་རྩ་གསུམ་གནས་ཀྱི་ཁང་པ་ཐམས་ཅད་རབ་ཏུ་གཡོས་པར་བྱ་སྟེ། གཡོག་ལྷ་བརྒྱ་སྟོང་མང་པོ་དང་། བཅོམ
344b5 ལྡན་འདས་ག་ལ་བ་དེར་དོང་ནས། ལྷག་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན
344b6 འདས་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་ལ་དབང་བགྱིད་དེ། གཡོག་ལྷའི་ཚོགས་དང་། ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་རྒྱས་པར
344b7 བགྱི་བའི་སླད་དུ་ནན་ཏན་དུ་བགྱིའོ།། ཆོས་སྨྲ་བ་དེ་དག་དང་། མདོ་སྡེ་འདི་འཚང་བ་དེ་དག་ལ་ཇི་ལྟར་མི་གནས་པ་དང་། རྣ་བ་དང་མཆོག་ཏུ་རྣ་བ་དང་། མོས་པ་རྙེད་ཅིག
344b8 ཆོས་ཀྱི་རྣམས་གྲང་འདི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་བའི་ཕོ་བྲང་དུ་ཞུགས་ནས་རབ་ཏུ་འཆད་པར་འགྱུར་བ་དེ་ལྟར་ཆོས་ཀྱི




iiif viewer powered by OpenSeadragon

344a - 345a

Texts on this page

F159 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo