| e-texts navigator |
| Wylie |
343b1 པའི་ཚིག་གོ།། འདི་ལྟ་སྟེ། དྷུ་དྷུ་རེ། དྷི་དྷི་རེ། དྷ་ཛ་པ་ཏི། དྷ་ཛཱ་ལང་ཀཱ་རེ་ཨ་བརྟ་ནི། ཤ་མེ་ཤ་མ་པ་ཏི། ཤཱ་ན་ཏི། མུ་ཁཱ་ནི་གྲ་ཧ་པ་ར་པ་རྀ་ག་ཀྲ། ཨ་ནོ་ར་བི་ག་མ་ས
343b2 མ་པ་ཐཱ་ཤུད་དྷི། པ་ཐཱ་ནུ་གམ། པ་ཐཱ་ས་ན་དྷི། ཕྲད་ཉ་མུ་གེ། ཨརྱ་ཀུ་རུ་ལེ། བུའུ་ཏ་ར་ཀླེ། ཨ་མེ་ས་ཙ། མེ་ནེ་ས་ཙ། ཏ་ཏ་མ་སརྦ། བྷད་དྷ་པ་ད། དྷརྨ་ནུ་སན་དྷི།
343b3 ཨརྱ་ཎ་ནུ་ག་མི་ནི། ཨ་ནརྱ་ནིར་གྷ་ཏ་ནི། རུ་བྷ་བ་ས་ཏི་ནི། ཨཱི་ཤ་ར་པ་ད། ལོ་ག་ཙི་ཏ་ཏྲི་ཀྲྀ་ཏི། ཨ་ནུ་ར་ཤྲཱ་ཡ་ན་ན་དུ། ཨི་མཱ་ན་དྷ་མ་ས་ནི་དྷི་བྷི་ཛ་ན་དུ་ནི། རྱ་ཀ་ཏི་ནི
343b4 དེ་དེ་ཤཾ་པྲ་ཏི་ར་ཤན་ཏུ་དྷ་མཾ་དྷ་ར་ནི། རིགས་ཀྱི་བུ་འདི་དག་ནི། རྒྱལ་པོ་ཆེན་པོ་བཞི་འགུག་པའི་ཚིག་གོ། དེ་ནས་རྒྱལ་པོ་ཆེན་པོ་བཞི་འཇིགས་ཤིང་སྐྲག་སྟེ། སྤུ་ཟིང
343b5 ཞེས་བྱེད་ན། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ
343b6 ཏོ།། བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ཆོས་ཀྱི་རྣམ་གྲངས་འདི་བསྲང་བ་དང་། སྐྱབ་པ་དང་། སྭ་དང་། ཡུན་རིང་དུ་གནས་པར་བགྱི་བ་དང་།།
343b7 རྗེས་སུ་གཟུང་བའི་སླད་དུ་གནས་པར་བགྱིའོ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྲོད་པ་དེར། སྟ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ
343b8 ཀ་ལྡིང་དང་། མྱི་འམ་ཅི་གང་དག་ཆོས་མ་ལགས་པ་འཚལ་བར་འགྱུར་བ་དེ་དག་ཤིན་ཏུ་ཚད་གཙད་པར་བགྱིའོ།། གང་དག་ཆོས་འཚལ་བར་འགྱུར་བ་དེ་དག